ཤིང་ཏོག་ཉིའུ་ཡིའུ་གོའི་སྡོང་པོས་ཁེངས་པའི་ཞིང་ས་གཤིན་པོ།
འདི་ནི་ཞིང་པས་ཤིང་ཏོག་ཉིའུ་ཡིའུ་གོ་དབོར་བཞིན་པ།
འདི་ནི་ཤིང་ཏོག་ཉིའུ་ཡིའུ་གོའི་སྡོང་པོས་ཁེངས་པའི་ཞིང་ས་གཤིན་པོ་ཡིན་པ།
ཡུན་ནན་ཞིང་ཆེན་ཕུའར་གྲོང་ཁྱེར་མོང་ལེན་ཏའེ་རིགས་དང་། ལ་ཧུའུ་རིགས། དབའ་རིགས་བཅས་རང་སྐྱོང་རྫོང་གི་རི་གྲོང་དུ་ཤིང་ཏོག་ཉིའུ་ཡིའུ་གོའི་སྡོང་པོས་ཁེངས་ནས་སྔོ་ཐིང་ངེར་གྱུར།
མིག་སྔ་ནི་མོང་ལེན་གྱི་ཤིང་ཏོག་ཉིའུ་ཡིའུ་གོ་སྨིན་པའི་དུས་ཚིགས་ཡིན་པས་ཞིང་པ་ཚོས་ཁྱུ་དང་ཁྱུ་བྱས་ནས་ཤིང་ཏོག་འཐུ་བར་བྲེལ་བཞིན་ཡོད་ཅིང་། ཁོང་ཚོས་བསྡུས་ཟིན་པའི་ཤིང་འབྲས་སྒམ་དུ་བླུགས་ནས་ས་གནས་ཁག་ལ་དབོར་རྒྱུར་སྒུག་ནས་བསྡད་འདུག
མོང་ལེན་གྱི་ཤིང་འབྲས་ཉིའུ་ཡིའུ་གོའི་འདེབས་ཁྱོན་མུའུ་ཁྲི་10ལྷག་ཙམ་ཟིན་པ་དང་། དེས་རྒྱལ་ཡོངས་ཀྱི་བཅུ་ཆ་ཅ་བདུན་ཡན་བཟུང་སྟེ། ན་ནིང་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་6ལྷག་ཙམ་ཟིན་ཡོད། ལོ་ལྟར་མི་3000ལྷག་ཙམ་ཐག་ཉེ་སར་ལས་ཞུགས་ཐུབ་པ་དང་། ས་གནས་དེ་གས་རིག་གནས་ཡུལ་སྐོར་དང་ཤིང་ཏོག་ཉིའུ་ཡིའུ་གོ་དང་ཁོ་ཧྥེ་སོགས་ཁྱད་ལྡན་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ཤིང་ཏོག་ཉིའུ་ཡིའུ་གོ་དང་ཁོ་ཧྥེ་སོགས་ཐོན་རྫས་གསར་པ་གསར་སྤེལ་བྱས་པར། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་ཐོན་ལས་ཚོགས་པ་ཞིག་གྲུབ་ཡོད།