“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”རྒྱལ་ཁབ་ཀྱི་གཞོན་ནུའི་ངོ་ཐུག་གདོང་འཕྲད་ཀྱི་སྨྱན་སྦྱོར་བྱ་སྤྱོད་སྤེལ་འགོ་ཚུགས་པ།
ཉེ་ཆར། “གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”རྒྱལ་ཁབ་ཀྱི་གཞོན་ནུའི་ངོ་ཐུག་གདོང་འཕྲད་ཀྱི་སྨྱན་སྦྱོར་བྱ་སྤྱོད་ལི་གཡོད་རེ་ནེ་ལུའུ་རུ་སྤེལ་འགོ་ཚུགས་པ་དང་། རྒྱལ་ཁབ་74ཡི་སྨྱན་སྦྱོར་སྒྲིག་གཞི་215ཡིས་ཐུན་མོང་ཐོག་རྒྱབ་སྐྱོར་བྱས་ནས་ཞུགས་པའི《“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”རྒྱལ་ཁབ་ཀྱི་སྨྱན་སྦྱོར་གྱིས་ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པར་སྐུལ་འདེད་གཏོང་རྒྱུའི་གྲོས་འགོ》ཁྱབ་བསྒྲགས་བྱས་པ་རེད།
བྱེད་སྒོའི་ཐོག“ཀྲུང་གོ་དང་ལ་ཏིང་མེ་གླིང་གི་གཞོན་ནུའི་གློག་བརྙན་བརྙན་འཕྲིན་ཐུན་མོང་ཐོག་གཏོད་པའི་འཆར་གཞི”ཁྱབ་བསྒྲགས་བྱས་པ་དང་། ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ན་གཞོན་འཁྲབ་ཁྲིད་པ་གདན་དྲངས་ཏེ་པར་ཆས་བརྒྱུད་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་མཛའ་གྲོགས་ཆུ་མོ་ལས་རིང་བ་དང་བྲག་ལྟར་ཡུན་རིང་གནས་པའི་ངོ་མཚར་གཏམ་རྒྱུད་བརྗོད་པ་རེད།
བྱེད་སྒོ་དེ་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་གཞོན་ནུའི་དབུ་ཚོགས་དང་པར་ཙིར་གྱི་ཙུང་ཐུང་ལས་ཤག་གི་སྤྱི་ཁྱབ་དྲུང་ཡིག་ཁྲུའུ་དང་མཉམ་དུ་སྤེལ་བ་ཞིག་ཡིན་ཞིང་། པར་ཙིར་དང་། ཨ་ཀེན་ཐིན། མོ་ཞི་ཁོ་སོགས་རྒྱལ་ཁབ་ཀྱི་སྲིད་ཕྱོགས་ལས་རིགས་དང་། སྨྱན་སྦྱོར་ལས་རིགས། རིག་གནས་ལུས་རྩལ་ལས་རིགས། རིག་མཛོད་རིག་གཞུང་ལས་རིགས། བཟོ་ཚོང་ལས་རིགས་བཅས་ནས་ཡོང་བའི་འཐུས་མི་200ཙམ་ཞུགས་ཡོད་པ་རེད།