WTTཧྥུའུ་ཀང་མཐའ་བསྡུར་ཁྲོད་ལིན་ཧྲི་ཏུང་སྐྱེས་པའི་རྐྱང་རྒྱག་གི་ཕྱེད་བསྡུར་ནང་ཚུད་པ།
ཉེ་ཆར། རི་པིན་ཧྥུའུ་ཀང་རྫོང་པེ་ཅིའུ་ཀྲོའུ་གྲོང་ཁྱེར་དུ་སྤེལ་བའི་2024ལོའི་འཛམ་གླིང་ཕིང་ཕང་སྤོ་ལོའི་ལས་རིགས་མནའ་འབྲེལ་ཆེན་པོ(WTT)ཧྥུའུ་ཀང་མཐའ་བསྡུར་གྱི་སྐྱེས་པའི་རྐྱང་རྒྱག་གི་བཞི་ཐོན་མཐའ་བསྡུར་ཁྲོད་ཀྲུང་གོའི་བདམས་ཐོན་པ་ལིན་ཧྲི་ཏུང་གིས་3བསྡུར་0གྱི་བསྡུར་གྲངས་ཐོག་ནས་འཇར་མན་གྱི་བདམས་ཐོན་པ་ཆིའུ་ཏང་ལས་རྣམ་པར་རྒྱལ་ཏེ་ཕྱེད་བསྡུར་ནང་ཚུད་ཡོད། འདི་ནི་ལིན་ཧྲི་ཏུང(གཡས)གིས་འགྲན་བསྡུར་བྱས་རྗེས་ཆིའུ་ཏང་ལ་ལག་པ་གཏོང་བཞིན་པ།