དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་རང་ལྗོངས་ཀྱི་དམངས་སྲིད་ལས་དོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-26

    ཉེ་ཆར། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ལིས་བརྟག་ཞིབ་ཚོགས་ཆུང་དང་བཅས་པའི་སྣེ་འཁྲིད་དེ་རང་ལྗོངས་ཀྱི་དམངས་སྲིད་ལས་དོན་ལ་བརྟག་ཞིབ་གནང་བ་རེད།

    བརྟག་ཞིབ་ཚོགས་ཆུང་དང་བཅས་པས་སྔ་རྗེས་སུ་རང་སྐྱོང་ལྗོངས་པུར་ཁང་དང་། རང་སྐྱོང་ལྗོངས་བྱིས་པའི་ཕན་བདེ་ཁང་། རང་སྐྱོང་ལྗོངས་ཕན་བདེ་རྒྱན་ཤོག་ལྟེ་གནས་སོགས་སུ་བརྟག་ཞིབ་བྱས་པ་རེད།

    བརྟག་ཞིབ་ཚོགས་ཆུང་གིས་བླང་བྱ་བཏོན་དོན། གཤིན་པོའི་པུར་འཇུག་ལས་རིགས་ཀྱི་སྤྱི་ཕན་རང་བཞིན་མཐའ་འཁྱོངས་ཀྱིས་ཞབས་ཞུའི་དོ་དམ་བྱེད་སྟངས་སྔར་བས་ལེགས་སུ་གཏོང་བ་དང་། ཞབས་ཞུ་དང་ལས་སྒྲུབ་བརྒྱུད་རིམ་ཚད་ལྡན་དུ་གཏོང་བ། དོ་དམ་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས། གཤིན་པོ་པུར་འཇུག་ལས་རིགས་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། བརྩེ་སེམས་དང་འགན་འཁྲི་འཆང་བཞིན་དཀའ་ངལ་ཡོད་པའི་བྱིས་པར་སེམས་ཁུར་དང་གཅེས་སྐྱོང་བྱེད་པ་དང་། ལྟ་སྐྱོང་གི་འགན་འཁྲི་ཆེ་རུ་གཏོང་བ། དཀའ་ངལ་ཡོད་པའི་བྱིས་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ཡག་པོ་བྱེད་པ། དཀའ་ངལ་ཡོད་པའི་བྱིས་པ་བདེ་ཐང་ངང་འཚར་ལོངས་ཡོང་བའི་ཁོར་ཡུག་བཟང་པོ་གཏོད་པ་བཅས་བྱས་ནས། དཀའ་ངལ་ཡོད་པའི་བྱིས་པས་ཏང་གི་དྲོ་སྐྱིད་ཚོར་ཐུབ་པར་བྱེད་དགོས། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་བ། མཐའ་ཚད་བརྟན་པོར་སྲུང་བ། དམངས་ལ་ཞབས་འདེགས་ཞུ་བའི་དམངས་སྲིད་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། ད་ལོའི་དམངས་སྲིད་ལས་དོན་ཕུན་སུམ་ཚོགས་པོས་ལེགས་སྒྲུབ་བྱེད་པ། ཕྱི་ལོའི་ལས་ཀའི་དམིགས་ཚད་འཆར་འགོད་ནན་ཏན་བྱེད་པ། སྐོར་གཟིགས་ལས་དོན་ཡག་པོ་སྒྲུབ་པར་གཞོགས་འདེགས་ཧུར་ཐག་བཅས་བྱས་ཏེ། ཉམས་སད་ཐེག་པའི་སྤྱོད་ཚུལ་ཐོག་ནས་དམངས་སྲིད་བྱ་གཞག་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།