དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱི་སྒྲ་གཟུགས་དཔྱད་གཞིའི་རིགས་ཀྱི་ཁྲིམས་འཛིན་གསལ་འབྱེད་སྒྲིག་གཞི་ཁག་དང་པོ་བཙུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-26

    ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི“གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་འཛུགས་པའི”བླང་བྱ་ལག་བསྟར་དོན་འཁྱོལ་བྱ་ཆེད། ཉེ་དུས་རང་ལྗོངས་ཀྱི་སྒྲ་གཟུགས་དཔྱད་གཞིའི་རིགས་ཀྱི་ཁྲིམས་འཛིན་གསལ་འབྱེད་སྒྲིག་གཞི་ཁག་དང་པོ་སྟེ་བོད་ལྗོངས་ཁྲིམས་གཞུང་ཁྲིམས་འཛིན་གསལ་འབྱེད་སུའོ་དེ་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས་ཆོག་མཆན་སྤྲད་ནས་བཙུགས་པ་ཞིག་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། སྒྲ་གཟུགས་དཔྱད་གཞིའི་ཁྲིམས་འཛིན་གསལ་འབྱེད་ནི་གཏུག་བཤེར་བྱེད་སྒོའི་ཁྲོད་གསལ་འབྱེད་མཁན་གྱིས་དངོས་ཁམས་རིག་པ་དང་། སྒྲ་རིག་པ། ཆ་འཕྲིན་ཚན་རིག་དང་ལག་རྩལ། ངོས་མཐའ་གཅིག་ཏུ་འཛིན་པའི་རིགས་པའི་གཞུང་ལུགས་སོགས་ཀྱི་རྩ་བའི་རིག་པ་དང་། བྱེད་ཐབས། ཆེད་དོན་ཤེས་བྱ་བཅས་བརྒྱུད་སྒྲ་འབེབས་དང་། པར་རིས། གློག་རྡུལ་གྲངས་གཞི་སོགས་འབྲེལ་ཡོད་ཀྱི་ཆེད་དམིགས་རང་བཞིན་གྱི་གནད་དོན་ལ་དབྱེ་འབྱེད་དང་བརྡར་གཅོད་བྱས་པ་དང་འབྲེལ། གསལ་འབྱེད་བསམ་འཆར་འདོན་པའི་བྱེད་སྒོ་ཞིག་རེད། བོད་ལྗོངས་ཁྲིམས་གཞུང་ཁྲིམས་འཛིན་གསལ་འབྱེད་སུའོ་བཙུགས་པ་དེས་རང་ལྗོངས་ཀྱི་ཁྲིམས་འཛིན་གསལ་འབྱེད་ཁྱབ་ཁོངས་ཀྱི་སྟོང་ཆ་གསབ་པ་དང་། སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ་སྤྱི་བདེ་དང་། ཁྲིམས་ཁང་། ཞིབ་དཔྱོད་ཁང་སོགས་ཁྲིམས་སྒྱུར་སྡེ་ཚན་དང་དེ་བཞིན་རྒྱ་ཆེའི་མི་དམངས་མང་ཚོགས་དང་སྤྱི་ཚོགས་ལས་རིགས་ཁག་ལ་གློག་རྡུལ་གྲངས་གཞི་དང་། སྒྲ པར་རིས་སོགས་ཐད་ཀྱི་ཁྲིམས་འཛིན་གསལ་འབྱེད་ཞབས་འདེགས་ཞུ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།