ཀྲུང་ཕེའི་སྨྱན་སྦྱོར་གྱིས་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་འབྲེལ་བཅར་འདྲི་བྱས་པ།
གཉིས་ཕན་མཉམ་ལས་ཀྱི་གསོན་ཉམས་དོད་པའི་གཏམ་རྒྱུད་བརྗོད་པ།
འདི་ནི་ཀྲུང་ཕེ་དབར་གྱི་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་རྣམ་གྲངས་ཆན་ཁའེ་གྲུ་ཁ་ཨང་3པ་ཡིན་པ། འདི་ག་ཚགས་པར་གྱི་གསར་འགོད་པ། དབྱང་དབྱིས་པར་བརྒྱབ།
འདི་ནི་ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་6ཉིན། ཀྲུང་ཕེ་རྒྱལ་ཁབ་གཉིས་ཀྱི་གསར་འགོད་པས་ཀྲུང་གོའི་འབྲི་ཆུ་གློག་ཤུགས་མ་རྐང་ཚད་ཡོད་ཀུང་སིའི་ཁོངས་གཏོགས་ཕེ་རུའི་ལུའུ་ཏེ་སི་ཀུང་སིར་བཅར་འདྲི་བྱས་ནས་ལི་མ་གྲོང་ཁུལ་གྱི་འདྲེན་སྦྱོར་གློག་གི་རྣམ་གྲངས་གཉེར་སྐྱོང་བྱས་ཚུལ་ཤེས་རྟོགས་བྱེད་བཞིན་པ། འདི་ག་ཚགས་པར་གྱི་གསར་འགོད་པ། ཝང་ཡོན་གྱིས་པར་བརྒྱབ།
འདི་ནི་ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་8ཉིན། ཕེ་རུའི་རྒྱལ་ས་ལི་མར་གནས་པའི་རུའོ་དབང་སྐུ་ཐོག་ཉེར་གསུམ་པའི་ཕེ་ཀྲུང་སློབ་གྲྭའི་མི་རིགས་ཞབས་བྲོ་ཚོགས་པར་ཕེ་རུའི་སློབ་མས་སྐེད་རྔ་འཁྲབ་སྟངས་སྦྱོང་བཞིན་པ། འདི་ག་ཚགས་པར་གྱི་གསར་འགོད་པ། ཡན་ཧོན་གྱིས་པར་བརྒྱབ།
འདི་ནི་ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་4ཉིན། ཀྲུང་ཕེ་རྒྱལ་ཁབ་གཉིས་ཀྱི་གསར་འགོད་པས་ཕེ་རུའི་ལ་ལི་པོ་ཐ་ཏེ་ཁུལ་ཆེན་གྱི་ཁོ་ལོམ་པི་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱི་སློབ་གྲྭར་མཉམ་འབྲེལ་བཅར་འདྲི་བྱེད་བཞིན་པ། ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཆུ་གློག་ཅུས་བཅུ་གཅིག་པས་པར་རིས་མཁོ་འདོན་བྱས།
འདི་ནི་ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་7ཉིན། ཕེ་རུའི་རྒྱལ་ས་ལི་མར་གནས་པའི་ལི་ཁ་ཏུའོ·ཕར་མ་སློབ་ཆེན་ཁུང་ཙི་སློབ་གླིང་དུ་ཀྲུང་ཕེ་རྒྱལ་ཁབ་གཉིས་པོའི་གསར་འགོད་པས་ཀྲུང་གོའི་སིལ་ཟས་པད་རྩའི་བྱི་རིལ་བཟོ་སྟངས་སྦྱོང་བཞིན་པ། འདི་ག་ཚགས་པར་གྱི་གསར་འགོད་པ། ཝང་ཡོན་གྱིས་པར་བརྒྱབ།
འདི་ག་ཚགས་པར་གྱི་གསར་འགོད་པ་ཝང་ཏི་གདན་ཞུས་ལྟར་ཕེ་རུའི་གཙོ་རྒྱུན་སྨྱན་སྦྱོར《ཕེ་རུ་བའི་ཚགས་པར》ཐོག་རྩོམ་ཡིག《དར་རྒྱས་ཆེ་བའི་འབྱུང་འགྱུར་ཕྱོགས་སུ་ལག་གདང་སྦྲེལ་ཏེ་མཉམ་དུ་སྐྱོད》ཅེས་པ་བྲིས་ནས་ཀྲུང་ཕེའི་འབྲེལ་བ་དང་འཕེལ་རྒྱས་སྐོར་གསལ་འགྲེལ་བྱས་པ་དང་། ཀྲུང་ཕེའི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་ཐོབ་པའི་གཡུར་ཟའི་གྲུབ་འབྲས་ངོ་སྤྲོད་བྱས་པ། ཀྲུའུ་ཞི་ཞི་ཅིན་ཕིང་ཕེ་རུར་འཚམས་འདྲི་གནང་ཉེར་ཡོད་པའི་དོན་སྙིང་གལ་ཆེན་ནན་བཤད་བྱས་པ། ཀྲུང་ཕེ་རྒྱལ་ཁབ་གཉིས་ཀྱིས་དེང་རབས་ཅན་གྱི་འགྲོ་ལམ་ཐོག་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱ་རྒྱུ་ཡིན་པ་བསྟན་ཡོད། ཟླ་11ཚེས་8ཉིན《ཕེ་རུ་བའི་ཚགས་པར》གྱི་པར་ངོས་བཅུ་གསུམ་པའི་དཔྱད་གཏམ་གྱི་ཆེད་སྒྲིག་པར་ངོས་ཀྱི་འགོ་རྩོམ་དང་གཞུང་ཕྱོགས་དྲ་ཚིགས་ཐོག་རྩོམ་ཡིག་དེ་བཀོད་པ་མ་ཟད། རྩོམ་ཡིག་གི་ནང་དོན་ལ་ཁས་ལེན་གང་ལེགས་བྱས་ཡོད།
འདི་ནི་ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་11ཉིན། མི་དམངས་ཉིན་རེའི་ཚགས་པར་དང་ཕེ་རུའི་སྨྱན་སྦྱོར་གྱི་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་འབྲེལ་བཅར་འདྲིའི་གྲུབ་འབྲས་མཉམ་སྤྱོད་ཚོགས་འདུ་འཚོག་ཡུལ་ཡིན་པ། འདི་ག་ཚགས་པར་གྱི་སི་ཕེན་ཡན་ལག་ཁང་གི་ཏ་ཝུའེ·ཨ་མར་གྱིས་པར་བརྒྱབ།
འདི་ནི་ད་ལོའི་ཟླ་6པར། དངོས་ཟོག་འདོན་འཇུག་སྒྲིག་ཆས་ཁག་དང་པོ་ཆན་ཁའེ་གྲུ་ཁར་སྒྲིག་སྦྱོར་བྱེད་བཞིན་པ། ཀྲུང་གོ་རྒྱང་རིང་མཚོ་འགྲུལ་ཕེ་རུའི་ཆན་ཁའེ་ཀུང་སིས་པར་རིས་མཁོ་འདོན་བྱས།
ཀྲུང་གོ་འབྲི་ཆུ་གློག་ཤུགས་མ་རྐང་ཚད་ཡོད་ཀུང་སིའི་ཁོངས་གཏོགས་ཕེ་རུའི་ལུའུ་ཏེ་སི་ཀུང་སིའི་དམིགས་ཡུལ་ནི་ཕེ་རུའི་ནུས་རྒྱུའི་ཁྱབ་ཁོངས་ཀྱི་སྔོན་ཐོན་ལག་རྩལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་རེད། མིག་སྔར་ཀུང་སི་དེར་ཕེ་རུའི་རྒྱལ་ཡོངས་ཀྱི་གློག་སྒུལ་རླངས་འཁོར་རུ་ཁག་ཆེ་ཤོས་ཡོད་པ་དང་ཁྱོན་གློག་སྒུལ་རླངས་འཁོར་98ཡོད། 2023ལོ་ནས་བཟུང་། དབྱང་གཉིས་ཐཱན་འགྱུར་ཏུན་237ལྷག་ཙམ་འབུད་ཉུང་དུ་བཏང་ཡོད། —ཕེ་རུའི《སྤྱི་མཐུན་རྒྱལ་ཁབ་ཚགས་པར》ལས་བཏུས།
ཕེ་རུའི་རྒྱལ་ས་ལི་མར་གནས་པའི་ལི་ཁ་ཏུའོ·ཕར་མ་སློབ་ཆེན་ཁུང་ཙི་སློབ་གླིང་གིས་ཕེ་རུའི་སློབ་མས་རྒྱ་ཡིག་སྦྱོང་འགོ་ཚུགས་ཡོད། ཀྲུང་གོའི་ཁེ་ལས་ནུས་རྒྱུ་དང་། རྨང་གཞིའི་སྒྲིག་བཀོད། ཚན་རྩལ་གསར་གཏོད་སོགས་ཁྱབ་ཁོངས་སུ་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང་། དེ་བཞིན་ཕེ་ཀྲུང་དབར་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་རྣམ་གྲངས་ཆན་ཁའེ་གྲུ་ཁ་བསྐྲུན་པ་དེས་ཕེ་རུར་རྒྱ་ཡིག་སྦྱོང་བའི་ཚ་རླབས་ཤིག་འཕྱུར་ཡོད། — ཕེ་རུའི《སྤྱི་མཐུན་རྒྱལ་ཁབ་ཚགས་པར》ལས་བཏུས།
རྩོམ་སྒྲིག་པའི་སྦྲགས་མཆན། ཀྲུང་གོ་དང་ཕེ་རུ་ནི་ཤེས་དཔལ་གྱི་གནའ་བོའི་རྒྱལ་ཁབ་ཡིན་པ་དང་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་ལ་མི་དམངས་ཀྱི་མཛའ་གཅུགས་མི་སེམས་སུ་གཏིང་ཟབ་ཟུག་ཡོད། ཕེ་རུ་ནི་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་འཛུགས་སྔ་ཤོས་དང་ཀྲུང་གོ་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་སྔ་ཤོས་ཀྱི་ལ་ཏིང་མེ་གླིང་གི་རྒྱལ་ཁབ་ཀྱི་གྲས་ཤིག་རེད། འདི་ལོའི་ཟླ་6ཚེས་28ཉིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཕེ་རུའི་ཙུང་ཐུང་པོ་ལུའུ་ཨར་ཐེ་དང་གྲོས་མོལ་གནང་བ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས། “ཀྲུང་གོ་ཕྱོགས་ཀྱིས་ཀྲུང་ཕེའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཕེ་རུ་ཕྱོགས་དང་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་བ། ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཀྲུང་ཕེའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད”ཅེས་གསུངས་པ་རེད།
ཉིན་ཤས་གོང་། མི་དམངས་ཉིན་རེའི་ཚགས་པར་དང་ཕེ་རུའི་སྨྱན་སྦྱོར་གྱིས་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་འབྲེལ་བཅར་འདྲི་ཕེ་རུར་གྲུབ་འབྲས་ཐོབ་པའི་ངང་བྱས་ཡོད། འདི་ནི་རྒྱལ་ཁབ་གཉིས་པོའི་སྨྱན་སྦྱོར་གྱིས་ཕེ་རུར་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་འབྲེལ་བཅར་འདྲི་བྱེད་ཐེངས་དང་པོ་དེ་ཡིན་པ་རེད།
“མེ་གླིང་ལྷོ་མའི་ཨེ་ཤེ་ཡར་ཕྱོགས་པའི་སྒོ་མོ”ཞེས་བརྗོད་པའི་ཆན་ཁའེ་གྲུ་ཁ་ནས་ས་གནས་དེ་གའི་སློབ་གསོའི་རྨང་གཞིའི་སྒྲིག་བཀོད་རིམ་སྤོར་ལ་རམ་འདེགས་བྱེད་པའི་བར་གྱི་ལ་ལི་པོ་ཐ་ཏེ་ཁུལ་ཆེན་གྱི་སློབ་གྲྭ་བསྐྱར་སྐྲུན་གྱི་རྣམ་གྲངས་དང། ཀྲུང་གོའི་རིག་གནས་ཁྱབ་སྤེལ་དང་ཀྲུང་ཕེའི་མཛའ་གྲོགས་ཀྱི་གཞོན་ནུའི་ཕོ་ཉ་གསོ་སྐྱོང་བྱེད་མཁན་ལི་ཁ་ཏུའོ·ཕར་མ་སློབ་ཆེན་ཁུང་ཙི་སློབ་གླིང་ནས་རྒྱལ་སའི་ཁུལ་ཆེན་གྱི་ཁྱིམ་ཚང་མང་པོའི་གློག་སྒྲོན་འགན་ལེན་བྱེད་པའི་ལི་མ་གྲོང་ཁུལ་གྱི་འདྲེན་སྦྱོར་གློག་གི་རྣམ་གྲངས་བར་སོགས། མཉམ་འབྲེལ་བཅར་འདྲི་བྱེད་རིང་མི་དམངས་ཉིན་རེའི་ཚགས་པར་གྱིས《ཕེ་རུ་བའི་ཚགས་པར》དང་། 《སྤྱི་མཐུན་རྒྱལ་ཁབ་ཚགས་པར》ཨན་ཏི་སི་འཕྲིན་གཏོང་ཁང་། ཕེ་རུའི་རྒྱལ་ཁབ་བརྙན་འཕྲིན་ལས་ཁུངས་སོགས་ཕེ་རུའི་སྨྱན་སྦྱོར་གྱི་ཚན་པ་མང་པོའི་གསར་འགོད་པ་20ལྷག་ཙམ་གྱིས་ཀྲུང་ཕེས་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཚོན་རྟགས་རང་བཞིན་གྱི་ལས་གྲྭར་མཉམ་དུ་བཅར་འདྲི་བྱས་ནས་རྒྱལ་ཁབ་གཉིས་པོའི་དངོས་སྒྲུབ་མཉམ་ལས་དང་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པའི་གསོན་ཉམས་དོད་པའི་གཏམ་རྒྱུད་སྔོག་འདོན་གཏིང་ཟབ་བྱས་པ་མ་ཟད། ཡི་གེ་དང་། པར་རིས། བརྙན་ལམ་སོགས་ཀྱི་རྣམ་པའི་ཐོག་ནས་སྤེལ་གཏོང་བྱས་ཡོད།