དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • ས་མཐོ་ནས་སྐར་ཚོགས་འཚོལ་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-11-25

    འདི་ནི་སྐྲུན་བཞིན་པའི་གཞིས་རྩེའི་སྨི་40ཡི་གློག་རླབས་གནམ་དཔྱད་རྒྱང་ཤེལ་ཡིན་པ།

    འདི་ནི་རྒྱལ་ཁབ་གནམ་དཔྱད་ལས་ཁུངས་མངའ་རིས་ལྟ་ཞིབ་ཚད་ལེན་ས་ཚིགས་ཡིན་པ།

    ཆ་སྙོམས་ས་བབ་སྨི་4500ཡོད་པའི་བོད་ལྗོངས་མངའ་རིས་སུ་དཀོན་ལ་གཙང་བའི་རླུང་ཁམས་ཆེན་པོའི་ཆ་རྐྱེན་དང་ས་བབ་ཤིན་ཏུ་མཐོ་བའི་དབང་གིས་དེ་ག་ནི་གནམ་དཔྱད་རིག་པ་མཁས་ཅན་གྱིས་སྐར་ཚོགས་ལ་ལྟ་བ་དང་རྒྱང་རིང་གི་འཇིག་རྟེན་ལ་ལྐོག་ལྟ་བྱེད་ས་ཡག་ཤོས་ཤིག་ཏུ་གྱུར་ཡོད། རྒྱལ་ཁབ་གནམ་དཔྱད་ལས་ཁུངས་མངའ་རིས་ལྟ་ཞིབ་ཚད་ལེན་ས་ཚིགས་ནི་སའི་གོ་ལའི་བྱང་ཕྱེད་མའི་གནམ་དཔྱད་ལྟ་ཞིབ་ཚད་ལེན་ས་ཚིགས་རྩེ་གྲའི་གྲས་ཤིག་རེད།

    གཞིས་རྩེར་ཁ་ཞེང་སྨི་40ཡོད་པའི་གློག་རླབས་གནམ་དཔྱད་རྒྱང་ཤེལ་དེ་འདི་ལོའི་ཟླ་10པར་གནམ་སྐུད་མ་ལག་གི་ལྡོག་འཕྲོའི་གཟུགས་གཙོ་བོ་འདེགས་སྒྲིག་ཟིན་ཞིང་། སྔོན་དཔག་བྱས་ན་ལོ་མཇུག་ཏུ་གཞི་རྩའི་ཆ་ནས་བསྐྲུན་ཟིན་རྒྱུ་དང་2025ལོའི་ལོ་འགོར་ལྟ་ཞིབ་ཚད་ལེན་གྱི་ནུས་པ་ལྡན་རྒྱུ་རེད། བསྐྲུན་རྗེས་དེ་ཧྲང་ཧའེ་དང་། ཅི་ལིན། ཤིན་ཅང་། ཡུན་ནན་སོགས་ས་གནས་ཀྱི་གློག་རླབས་གནམ་དཔྱད་རྒྱང་ཤེལ་ས་ཚིགས་དང་། དེ་བཞིན་ཧྲང་ཧའེ་ཡིVLBIགྲངས་གཞི་ཐག་གཅོད་ལྟེ་གནས་དང་མཉམ་དུ“ས་ཚིགས་དྲུག་དང་ལྟེ་གནས་གཅིག”གི་ཀྲུང་གོའི་ཧ་ཅང་རིང་བའི་གཞི་ཐིག་འགལ་རྐྱེན་ཚད་འཇལ་དྲ་བ་གྲུབ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།