ཧྲང་ཧའེ་དང་། སུའུ་ཀྲོའུ། ཧུའུ་ཀྲོའུ་བཅས་ཀྱི་མྱུར་བགྲོད་ལྕགས་ལམ་ཚོད་ལྟའི་འཁོར་སྐྱོད་བྱེད་འགོ་ཚུགས་པ།
ཟླ་11ཚེས་23ཉིན། ཚོད་ལྟའི་འཁོར་སྐྱོད་ཐེངས་དང་པོ་བྱས་པའི་G55505མེ་འཁོར་དེ་ཧྲང་ཧའེ་ཧུང་ཆའོ་བབས་ཚུགས་ནས་ཐོན་ཏེ་གསར་དུ་བསྐྲུན་པའི་ཧྲང་ཧའེ་ནས་སུའུ་ཀྲོའུ་དང་ཧུའུ་ཀྲོའུ་བར་གྱི་མྱུར་བགྲོད་ལྕགས་ལམ་བརྒྱུད་ཧུའུ་ཀྲོའུ་བབས་ཚུགས་ཀྱི་ཕྱོགས་སུ་བསྐྱོད་དེ་མེ་འཁོར་འཁོར་སྐྱོད་ཀྱི་དཔྱད་གྲངས་ཚོད་ལྟ་ལས་ཧྲང་ཧའེ་དང་། སུའུ་ཀྲོའུ། ཧུའུ་ཀྲོའུ་བཅས་ཀྱི་མྱུར་བགྲོད་ལྕགས་ལམ་གྱི་འཛུགས་སྐྲུན་དེ་ཚོད་ལྟའི་འཁོར་སྐྱོད་ཀྱི་དུས་མཚམས་སུ་སླེབས་པ་དང་ལམ་ཐིག་ཧྲིལ་པོ་ཤར་གཏོང་ཐུབ་ནས་འཁོར་སྐྱོད་བྱ་རྒྱུ་དེ་ལུགས་ལྡོག་གྲངས་རྩིས་སུ་སླེབས་པ་མཚོན་གྱི་ཡོད།
ཧྲང་ཧའེ་དང་། སུའུ་ཀྲོའུ། ཧུའུ་ཀྲོའུ་བཅས་ཀྱི་མྱུར་བགྲོད་ལྕགས་ལམ་ནི་2020ལོའི་ཟླ་6པར་སྐྲུན་འགོ་ཚུགས་པ་དང་ཇུས་བགོད་བྱས་པའི་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་350ཡིན་པ་རེད། ཧྲང་ཧའེ་དང་། སུའུ་ཀྲོའུ། ཧུའུ་ཀྲོའུ་བཅས་ཀྱི་མྱུར་བགྲོད་ལྕགས་ལམ་བསྐྲུན་ནས་གཉེར་སྐྱོང་བྱས་རྗེས་ཧྲང་ཧའེ་ལྕགས་ལམ་གྱི་ལྟེ་བའི་བཀོད་པ་སྔར་ལས་ལེགས་སུ་འགྲོ་རྒྱུ་དང་། ས་ཁོངས་ལམ་དྲའི་བཀོད་པ་འཐུས་སྒོ་ཚང་དུ་ཕྱིན་ནས་ལམ་རྒྱུད་ཀྱི་མི་དམངས་མང་ཚོགས་ཕྱིར་སྐྱོད་ལ་སྟབས་བདེ་བསྐྲུན་རྒྱུ་རེད།
འདི་ནི་ཟླ་11ཚེས་23ཉིན་ཧྲང་ཧའེ་དང་། སུའུ་ཀྲོའུ། ཧུའུ་ཀྲོའུ་བཅས་ཀྱི་མྱུར་བགྲོད་ལྕགས་ལམ་གྱི་ཚོད་ལྟའི་འཁོར་སྐྱོད་ཐེངས་དང་པོ་བྱས་པའི་G55505མེ་འཁོར་ཧུའུ་ཀྲོའུ་ས་ཁོངས་སུ་སྐྱོད་བཞིན་པ།