དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “དུས་རབས་གསར་པའི་བོད་ཀྱི་གཏམ་རྒྱུད། གྲགས་ཅན་མི་སྣའི་འཆད་སྟེགས”ཁྲང་ཀྲོའུ་བོད་ལྗོངས་མི་རིགས་སློབ་འབྲིང་དུ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-25

    ཉེ་ཆར། བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་གཙོ་གཉེར་བྱས་པ་དང་། བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་དང་ཁྲང་ཀྲོའུ་བོད་ལྗོངས་མི་རིགས་སློབ་འབྲིང་གིས་སྒྲུབ་འགན་འཁུར་བའི“དུས་རབས་གསར་པའི་བོད་ཀྱི་གཏམ་རྒྱུད། གྲགས་ཅན་མི་སྣའི་འཆད་སྟེགས”ཐེངས་བརྒྱད་པ་ཅང་སུའུ་ཞིང་ཆེན་ཁྲང་ཀྲོའུ་བོད་ལྗོངས་མི་རིགས་སློབ་འབྲིང་དུ་སྤེལ་བ་རེད།

    འཆད་སྟེགས་ཐོག་འཆད་ཁྲིད་སྐུ་མགྲོན་དང་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་རིམ་པ་གཉིས་པའི་ཞིབ་འཇུག་པ་ཀྲང་ཡུན་གདན་དྲངས་ནས《མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ནི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཡིན》ཞེས་འགོ་བརྗོད་དུ་འཁོད་པའི་འཆད་ཁྲིད་བྱས་པ་རེད། ཀྲང་ཡུན་གྱིས་ལོ་རྒྱུས་ཀྱི་དཔྱད་གཞི་གཞི་འཛིན་སར་བྱེད་པ་དང་གནའ་རྫས་རྟོག་ཞིབ་རྗེས་ཤུལ་དང་དེ་བཞིན་ལྟོ་སྣོད་སོགས་དཔང་རྟགས་སུ་བྱས་ཏེ་ལོ་རྒྱུས་རིག་པ་དང་། མིའི་རིགས་ཀྱི་རིག་པ། སྒྲ་རིག་པ། སྐྱེ་དངོས་རིག་པ་སོགས་ཕྱོགས་མང་པོ་ནས་བོད་ས་གནས་དང་མེས་རྒྱལ་དབར་འབྲེལ་བ་དམ་ཟབ་ཡོད་པ་རིགས་པས་ཁུངས་སྐྱེལ་བྱས་པ་དང་བོད་རིགས་དང་མི་རིགས་གཞན་དག་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་ཀྱི་དོན་དངོས་གསལ་པོར་བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།