དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིས“དུས་བྱའི་སྲོག་ཐིག”གི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-25

    ཉེ་ཆར། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིས་རི་ཆུ་རང་བྱུང་སྲུང་སྐྱོང་ལྟེ་གནས་དང་མཉམ་དུ་ཉིང་ཁྲི་གྲོང་ཁྱེར་དུ“དུས་བྱའི་སྲོག་ཐིག”དང“ཚེ་སྲོག་གི་བྱེའུ་ཚང”ཞེས་པའི་སྤུས་རྟགས་རྣམ་གྲངས་ཀྱི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཞིང་། ད་ཐེངས་ཀྱི་བྱེད་སྒོའི་ནང“བྱེའུ་གཅེས་བྱེའུ་སྲུང་དང་རང་བྱུང་ཁམས་དང་འཆམ་མཐུན་མཉམ་གནས”ཞེས་པའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས། ས་གནས་ས་ཐོག་ཏུ་འཆད་ཁྲིད་དང་དྲ་རྒྱའི་ཐད་གཏོང་དང་ཟུང་འབྲེལ་བྱེད་པའི་རྣམ་པར་བརྟེན་ཏེ་བྱེད་སྒོའི་ཤུགས་རྐྱེན་ཐེབས་ཤུགས་དང་ཁྱབ་ཚད་ཆེ་རུ་ནུས་ལྡན་བཏང་བ་རེད།

    བྱེད་སྒོར་པེ་ཅིང་གཏུམ་བྱའི་རོགས་སྐྱོབ་ལྟེ་གནས་ཀྱི་རི་སྐྱེས་སྲོག་ཆགས་རོགས་སྐྱོབ་རིགས་གཅིག་མཁས་ཅན་དང་རི་ཆུ་རང་བྱུང་སྲུང་སྐྱོང་ལྟེ་གནས་ཀྱི་བྱ་རིགས་སྲུང་སྐྱོང་རིགས་གཅིག་མཁས་ཅན་གྱིས་བྱེད་སྒོའི་གཏམ་བཤད་བྱེད་མཁན་གཙོ་བོའི་སྐུ་མགྲོན་གྱི་འགན་འཁུར་ཡོད། རིགས་གཅིག་མཁས་ཅན་གཉིས་ཀྱིས་གསོན་ཉམས་དོད་པའི་དཔེ་མཚོན་དང་ཁ་གསལ་བའི་བརྙན་ལམ་བརྒྱུད་ཚང་མར་མིག་སྔའི་དུས་བྱའི་སྲོག་ཐིག་གི་འགལ་རྐྱེན་གྱི་གཞི་རྩའི་རིགས་དང་ཁ་གཏད་གཅོག་ཐབས་དང་དེ་བཞིན་བྱ་རིགས་སྲོག་སྐྱོབ་ཀྱི་བྱེད་ཐབས་སོགས་ཆེད་ལས་ཤེས་བྱ་གསལ་འགྲེལ་བྱས་ཏེ། ཚང་མས་བྱ་རིགས་སྲུང་སྐྱོང་གི་གལ་ཆེའི་རང་བཞིན་དང་གློག་དྲ་དང་བྱ་རིགས་ཞི་མཐུན་མཉམ་གནས་ཀྱི་དགོས་ངེས་རང་བཞིན་གཏིང་ཟབ་རྟོགས་པར་བྱས་ཡོད།

    ད་ཐེངས་ཀྱི་བྱེའུ་གཅེས་བྱེའུ་སྲུང་གི་དྲ་རྒྱའི་ཐད་གཏོང་འཆད་ཁྲིད་ཀྱིས་བྱ་རིགས་སྲུང་སྐྱོང་གི་ཤེས་བྱ་ཁྱབ་གདལ་དང་བོད་ལྗོངས་གློག་དྲ་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།