དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་འགྲེམས་སྟོན་ཚོགས་པ་ཀྲུང་གོ་རྒྱལ་སྤྱིའི་ཡུལ་སྐོར་ཚོང་འདུས་ལ་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-25

    འདི་ནི་ལྟ་སྐོར་བས་བོད་ཀྱི་འགྲེམས་སྟེགས་མདུན་དུ་བློ་འདྲི་བྱེད་བཞིན་པ།

    ཟླ་11ཚེས་22ཉིན། རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གིས་ཚོགས་པ་སྒྲིག་འཛུགས་བྱས་ནས་ཧྲང་ཧའེ་རུ་གཉེར་བའི་2024ལོའི་ཀྲུང་གོ་རྒྱལ་སྤྱིའི་ཡུལ་སྐོར་ཚོང་འདུས་ལ་ཞུགས་པ་རེད། ད་ཐེངས་བོད་ལྗོངས་འགྲེམས་སྟོན་ཚོགས་པ་དེ་ས་ཁུལ་དང་གྲོང་ཁྱེར་བདུན་གྱི་རིག་གནས་དང་ཡུལ་སྐོར་སྡེ་ཚན་དང་། རིག་གནས་ཡུལ་སྐོར་ཁེ་ལས། རིག་གནས་ཡུལ་སྐོར་གྱི་འབྲེལ་ཡོད་མཐུན་ཚོགས་བཅས་ཀྱི་འཐུས་མི་100ལྷག་ཙམ་ལས་གྲུབ་ཡོད་པ་རེད།

    བོད་ལྗོངས་འགྲེམས་སྟེགས་སུ“ཀྲུང་གོའི་བོད་ལྗོངས། བཀྲ་ཤིས་བདེ་ལེགས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་རིག་གནས་དང་ཡུལ་སྐོར་ཐོན་ཁུངས་འགྲེམས་སྟོན་ཁུལ་དང་། ཁྱད་ལྡན་ཐོན་རྫས་འགྲེམས་སྟོན་ཁུལ། མངོན་མིན་རིག་གནས་ཤུལ་བཞག་ཉམས་ལེན་ཁུལ། ལས་སྒོ་འབྲེལ་མཐུད་དང་ངོ་འཕྲད་གྲོས་མོལ་ཁུལ་བཅས་འགྲེམས་ཁུལ་ཆེན་པོ་བཞི་བཙུགས་ནས། རྒྱལ་སྤྱི་རྒྱལ་ནང་གི་ཡུལ་སྐོར་ཚོང་པ་དང་། སྨྱན་སྦྱོར། རྒྱ་ཆེའི་མང་ཚོགས་བཅས་ལ་ཁ་ཕྱོགས་ནས་བོད་ཀྱི་རིག་གནས་དང་ཡུལ་སྐོར་ཐོན་ཁུངས་ཕྱོགས་ཡོངས་ནས་འགྲེམས་སྟོན་དང་། ཡུལ་སྐོར་ལམ་ཐིག་སྤུས་ལེགས་དང་། བོད་ཀྱི་གསོ་བ་རིག་པའི་ལུས་ཁམས་གསོ་བཅོས། མངོན་མིན་རིག་གནས་ཤུལ་བཞག་གི་དམངས་སྲོལ་རིག་གནས་སོགས་འོས་སྦྱོར་བྱས་ཡོད། འགྲེམས་ཁུལ་ནང་གི་ངོ་མཚར་ཆེ་བའི་སྲོལ་རྒྱུན་ཞབས་བྲོ་དང་། རྒྱན་གོས་ངོམ་སྟོན། མངོན་མིན་རིག་གནས་ཤུལ་བཞག་གི་རིག་གནས་འགྲེམས་སྟོན་བཅས་ཀྱིས་གྲོང་མི་མང་པོའི་ཡིད་དབང་བཀུག་ཡོད་པ་རེད།

    བོད་ཀྱི་འགྲེམས་སྟོན་ཚོགས་པའི་ངོ་མཚར་ཆེ་བའི་འགྲེམས་སྟོན་ལས་རང་ལྗོངས་ཀྱི་སྣ་མང་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་དང་རྔམ་མཐུག་པའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་གང་ལེགས་མངོན་ཏེ། རྒྱལ་ཁབ་ཕྱི་ནང་དུ་རང་ལྗོངས་ཀྱི་རིག་གནས་ཡུལ་སྐོར་གྱི་མིང་གྲགས་དང་ཤུགས་རྐྱེན་སྔར་བས་ཆེ་རུ་ཕྱིན་ནས་འཛམ་གླིང་ལ་བཀྲག་མདངས་འཚེར་བའི་མིང་བྱང་ཞིག་བསྟན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།