དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གཞིས་རྩེས་དབང་སྐྱོན་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-25

    ཉིན་ཤས་གོང་། གཞིས་རྩེ་གྲོང་ཁྱེར་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་ཤིང་རང་སྐྱོང་ལྗོངས་དབང་སྐྱོན་ལུས་རྩལ་མཐུན་ཚོགས་ཀྱིས་སྒྲུབ་འགན་འཁུར་བའི་གཞིས་རྩེ་གྲོང་ཁྱེར་དབང་སྐྱོན་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་དང་དམིགས་བསལ་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་བདེ་བླག་ངང་གཉེར་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཚེས་16ནས་18ཉིན་བར་གྱི་དུས་ཡུན་ཉིན་གསུམ་ནང་གཞིས་རྩེ་གྲོང་ཁྱེར་གྱི་རྫོང་དང་ཆུས་18ནས་ཡོང་བའི་ལོང་བའི་མཐུན་ཚོགས་དང་། ཡན་ལག་སྐྱོན་ཅན་མཐུན་ཚོགས། དམིགས་བསལ་སློབ་གསོའི་སློབ་གྲྭ་སོགས་ཁྱོན་འཐུས་མི་ཚོགས་པ་21གི་ལུས་རྩལ་པ་143སྐམ་སའི་འཁྱགས་ལྟིར(དགུན་དུས་ཀྱི་རྣམ་གྲངས)དང་། ལོང་བའི་སྒོ་གྲུག འོན་པའི་ཨོ་ལིམ་ཕིག་རྣམ་གྲངས་འོན་པའི་ལན་ཆིའུ་སྤོ་ལོ། མཆོང་རྒྱུག་འཕེན་གསུམ་སོགས་དང་། མི་རིགས་ཀྱི་སྲོལ་རྒྱུན་རྣམ་གྲངས་ཤོ་དང་སྤྲོ་འཕེལ་ལུས་རྩལ་ལག་ཤུགས་འགྲན་བསྡུར་བཅས་ལ་ཞུགས་ནས། དབང་པོ་སྐྱོན་ཅན་གྱི་འབད་འབུངས་ཡར་སྐྱེད་དང་འཚོ་བར་དགའ་ཞེན་གྱི་བསམ་པའི་ཉམས་འགྱུར་མཚོན་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།