དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པའི་སན་ཡའི་འགྲན་ར་གཙོ་བོའི་འགྲན་བསྡུར་གྱི་ཉིན་མོ་དང་པོར།

    བོད་ཀྱི་འཐུས་མི་ཚོགས་པར་འགོ་ཚུགས་བཀྲ་ཤིས་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-25

    འདི་ནི་བྱ་དགའ་ཐོབ་པའི་བདམས་ཐོན་པས་བྱ་དགའ་སྤྲོད་པའི་མཛད་སྒོའི་ཐོག་མཉམ་དུ་པར་རྒྱག་བཞིན་ཡོད་པ་དང་དེའི་ནང་ནས་བོད་ཀྱི་འཐུས་མི་ཚོགས་པའི་བདམས་ཐོན་པ་ཀྲའོ་ཧྲོང(གཡོན་གྱི་བཞི་པ)ལ་བུད་མེད་ཀྱི་སྲོལ་རྒྱུན་གྱི་མཚོན་ཆ་ཟུང་གི་བྱ་དགའ་རིམ་པ་དང་པོ་ཐོབ་ཡོད།

     འདི་ནི་བོད་ལྗོངས་འཐུས་མི་རུ་ཁག་གི་བདམས་ཐོན་པ་ཀྲའོ་ཧྲོང་གིས་འགྲན་བསྡུར་བྱེད་བཞིན་པ།

    ཚེས་23ཉིན་ནི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པའི་སན་ཡཱའི་འགྲན་ར་གཙོ་བོའི་འགྲན་བསྡུར་གྱི་ཉིན་མོ་དང་པོ་ཡིན་ཞིང་། བོད་ཀྱི་འཐུས་མི་ཚོགས་པར་བྱ་དགའ་རིམ་པ་དང་པོ་གཅིག་དང་། གཉིས་པ་བཞི། གསུམ་པ་བཞི་བཅས་རག་ཡོད།

    མི་རིགས་ཀྱི་དྲག་རྩལ་རྣམ་གྲངས་ཀྱི་འགྲན་བསྡུར་ནང་རང་ལྗོངས་ཀྱི་བདམས་ཐོན་པ་ཀྲའོ་ཧྲོང་ལ་བུད་མེད་ཀྱི་སྲོལ་རྒྱུན་མཚོན་ཆ་ཟུང་གི་བྱ་དགའ་རིམ་པ་དང་པོ་རག་པ་དང་། ཡན་ཞའོ་ལེར་བུད་མེད་ཀྱི་སྲོལ་རྒྱུན་གྱི་མཚོན་ཆ་རྐྱང་པའི་བྱ་དགའ་རིམ་པ་གཉིས་པ་རག་པ། ཞུས་ཆི་ཀེ་ལ་བུད་མེད་ཀྱི་སྲོལ་རྒྱུན་ཚིགས་ལྡན་མཚོན་ཆའི་བྱ་དགའ་རིམ་པ་གསུམ་པ་རག་ཡོད།

    ཤུར་མདའ་འཕེན་པའི་རྣམ་གྲངས་ཀྱི་འགྲན་བསྡུར་ནང་སྐར་མ་རྒྱལ་མཚན་ལ་སྲོལ་རྒྱུན་གྱི་ཤུར་མདའི་སྐྱེས་པའི་མི་སྒེར་གྱི་ལངས་མདའི་བྱ་དགའ་རིམ་པ་གཉིས་པ་ཐོབ་པ་དང་། བསྟན་འཛིན་ནོར་བུར་སྲོལ་རྒྱུན་གྱི་ཤུར་མདའི་སྐྱེས་པའི་མི་སྒེར་གྱི་ལངས་མདའི་བྱ་དགའ་རིམ་པ་གསུམ་པ་ཐོབ་པ། པད་མ་ཆོས་སྒྲོན་དང་སྐལ་བཟང་ཆོས་སྒྲོན་ལ་སྲོལ་རྒྱུན་གྱི་བུད་མེད་ཀྱི་ཤུར་མདའི་མི་སྒེར་གྱི་ལངས་མདའི་བྱ་དགའ་རིམ་པ་གཉིས་པ་ཐོབ་པ། ཚེ་དབང་ཆོས་སྒྲོན་ལ་སྲོལ་རྒྱུན་གྱི་བུད་མེད་ཀྱི་མི་སྒེར་གྱི་ལངས་མདའི་བྱ་དགའ་རིམ་པ་གསུམ་པ་ཐོབ་ཡོད།

    དཔྱང་ཐག་གི་རྣམ་གྲངས་འགྲན་བསྡུར་ནང་ཐན་ཡན་ཧྥང་དང་ཧོང་ལི་ལི་ལ་རྣམ་གྲངས་དེའི་སྤྱི་རྒྱ་55རིམ་པ་ཡན་གྱི་མི་གཉིས་ཀྱི་གཡེར་དྲིལ་ལ་རེག་པའི་བྱ་དགའ་རིམ་པ་གསུམ་པ་རག་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།