སྤེལ་རེས་མཉམ་ལས་གཏིང་ཟབ་བྱས། གཉིས་ཕན་ཡིད་ཆེས་གཅིག་ཏུ་བསྒྲིལ།
ཀྲུང་པའི་སྨྱན་སྦྱོར་གྱིས་ཀྲུང་པར་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་མཉམ་དུ་སྐུལ་འདེད་གཏོང་བའི་མཉམ་འབྲེལ་བཅར་འདྲི་བྱས་པ།
འདི་ནི་པར་ཙིར་གྱི་མེ་ལི་ཧྲན་ཆེས་གློག་ཆེན་གྱི་ཐད་རྒྱུག་གློག་འདྲེན་རྣམ་གྲངས་ཀྱི་དུས་ཐེངས་གཉིས་པའི་ལི་གཡོད་གློག་སྒྱུར་ས་ཚིགས་ཡིན་པ། པར་ཙིར་གྱི《ཚོང་ལས་ལྟ་ཞིབ་ཚགས་པར》གྱི་གསར་འགོད་པ་གཱ་ལི་ནཱ·ཝཱ་སི་ཁང་སའེ་ལུའོ་སི་ཡིས་པར་བརྒྱབ།
འདི་ནི་ཀྲུང་པར་རྒྱལ་ཁབ་གཉིས་ཀྱི་གསར་འགོད་པས་མེ་ལི་ཧྲན་གྱི་ཐད་རྒྱུག་གློག་འདྲེན་རྣམ་གྲངས་ཀྱི་དུས་ཐེངས་གཉིས་པའི་ལི་གཡོད་གློག་སྒྱུར་ས་ཚིགས་སུ་མཉམ་འབྲེལ་བཅར་འདྲི་བྱེད་བཞིན་པ། འདི་ག་ཚགས་པར་གྱི་གསར་འགོད་པ་ཀྲང་ཀྲི་ཝུན་གྱིས་པར་བརྒྱབ།
འདི་ནི་པར་ཙིར་གྱི་སྨི་ནཱ་སི་ཅི་ལཱ་སི་ཀྲོའུ་ཡི་པོ་སུའུ་ཨཱ་ལེ་ཀེ་ལི་གྲོང་ཁྱེར་གྱི་ཤུས་ཀུང་བཟོ་སྐྲུན་རྟེན་གཞིར། ཀྲུང་པར་རྒྱལ་ཁབ་གཉིས་ཀྱི་གསར་འགོད་པས་འཁོར་ཁང་གི་འགན་འཁུར་བར་བཅར་འདྲི་བྱེད་བཞིན་པ། འདི་ག་ཚགས་པར་གྱི་གསར་འགོད་པ་ཁྲེན་ཧའེ་ཆིས་པར་བརྒྱབ།
འདི་ནི་པར་ཙིར་ཡཱ་མཱ་སུན་ཀྲོའུ་ཡི་མཱ་ནའོ་སི་གྲོང་ཁྱེར་དུ། TCLརྟགས་ཅན་གྱི་བརྙན་འཕྲིན་བཟོ་སྐྲུན་རྟེན་གཞིའི་ས་གནས་དེ་གའི་ལས་བཟོས་འཁོར་ཁང་ནང་སྒྲིག་ཆས་འཁོར་སྐྱོད་གནས་ཚུལ་ལ་ཞིབ་བཤེར་བྱེད་བཞིན་པ། འདི་ག་ཚགས་པར་གྱི་གསར་འགོད་པ་ཤུས་ཧའེ་ལིན་གྱིས་པར་བརྒྱབ།
འདི་ནི་ཟླ་11ཚེས་14ཉིན། མི་དམངས་ཉིན་རེའི་ཚགས་པར་དང་པར་ཙིར་སྨྱན་སྦྱོར་གྱིས་ཀྲུང་པར་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་མཉམ་དུ་སྐུལ་འདེད་གཏོང་བའི་མཉམ་འབྲེལ་བཅར་འདྲིའི་གྲུབ་འབྲས་མཉམ་སྤྱོད་ཚོགས་འདུ་འཚོག་ཡུལ་ཡིན་པ། འདི་ག་ཚགས་པར་གྱི་གསར་འགོད་པ་ཀྲོའུ་ཀྲོའུ་ཡིས་པར་བརྒྱབ།
འདི་ནི་མཱ་ནའོ་སི་གྲོང་ཁྱེར་དུ་ཡོད་པའི་པི་ཡཱ་ཏེ་གློག་རྫས་བཟོ་གྲྭའི་ནང་པར་ཙིར་གྱི་གསར་འགོད་པས་གློག་རྫས་སྒྲིག་སྦྱོར་བྱེད་སྟངས་ཤེས་རྟོགས་བྱེད་བཞིན་པ། འདི་ག་ཚགས་པར་གྱི་གསར་འགོད་པ་ཀྲང་ཀྲི་ཝུན་གྱིས་པར་བརྒྱབ།
པི་ཡཱ་ཏེ་མཱ་ནའོ་སི་གློག་རྫས་བཟོ་གྲྭས་ས་གནས་དེ་གའི་འཕེལ་རྒྱས་ཆེད་ལེགས་སྐྱེས་ཆེན་པོ་ཕུལ་ནས་ལག་རྩལ་གསར་རྐྱང་མཁོ་འདོན་བྱས་པ་དང་། འདི་ག་ནས་སྒྲིག་སྦྱོར་བྱས་པའི་གློག་རྫས་ཧྲེང་པའོ་ལུའོ་ཀྲོའུ་ཡི་ཁན་ཕི་ནཱ་སི་གྲོང་ཁྱེར་དུ་དབོར་ནས་དེ་གར་ཐོན་སྐྱེད་བྱས་པའི་གློག་སྒུལ་འགྲུལ་འཁོར་ཆེ་མོར་སྒུལ་ཤུགས་མཁོ་འདོན་བྱ་རྒྱུ་ཡིན་པ་དང་། འགྲུལ་འཁོར་ཆེ་མོ་དེ་དག་གིས་པར་ཙིར་གྱི་རྒྱལ་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་ཡིན་པ། —— པར་ཙིར་A Criticaབརྙན་འཕྲིན་ལས་ཁུངས་ཀྱིས་སྤེལ་བའི་གནས་ཚུལ།
ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཚོགས་པས་སྐྲུན་འགན་འཁུར་བའི་ཧྲེང་པའོ་ལུའོ་ས་འོག་ལྕགས་ལམ་ལམ་ཐིག་གཉིས་པའི་རྒྱས་སྐྲུན་རྣམ་གྲངས་མགྱོགས་མྱུར་སྐྲུན་བཞིན་ཡོད་པ་དང་། རྣམ་གྲངས་བསྐྲུན་རྗེས་ཧྲེང་པའོ་ལུའོ་ཀྲོའུ་ཡི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་འགྲིམ་འགྲུལ་མ་ལག་མངོན་གསལ་དོད་པོས་ལེགས་སུ་འགྲོ་རྒྱུ་མ་ཟད། ད་དུང་ཐཱན་འབུད་ཉུང་གཏོང་དང་། འགྲིམ་འགྲུལ་འཚང་ཁ་ཞི་ལྷོད་དུ་གཏོང་བ། ཕན་ཚུན་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་དགེ་མཚན་ལྡན་པའི་ནུས་པ་ཐོན་རྒྱུ་ཡིན་པ་རེད། རྣམ་གྲངས་དེས་གྲོང་ཁྱེར་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་རྒྱུ་མ་ཟད་ད་དུང་ས་ཁུལ་དབར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཀྱི་མཉམ་འགུལ་དང་མཉམ་ལས་ལ་རམ་འདེགས་ཐུབ་རྒྱུ་རེད། —— པར་ཙིར་གྱི་247གསར་འགྱུར་དྲ་བའི་ཐོག་སྤེལ་བའི་གནས་ཚུལ།
ཟླ་10ཚེས་24དང་25ཉིན། མི་དམངས་ཉིན་རེའི་ཚགས་པར་དང་པར་ཙིར་སྨྱན་སྦྱོར་གྱིས་པེ་ལི་ཨའོ་ཀེ་ལན་ཏེ་ཀྲོའུ་རུ་ཚྭ་ཆུ་ཚྭ་མེད་དུ་སྒྱུར་པའི་སྤྱི་ཕན་རྣམ་གྲངས་ལ་མཉམ་དུ་བཅར་འདྲི་བྱས་ཤིང་། རྣམ་གྲངས་དེ་ནི་ཀྲུང་གོ་རྒྱལ་ཁབ་གློག་དྲ་པར་ཙིར་གློག་ཤུགས་མ་རྐང་ཚད་ཡོད་ཀུང་སིས་མ་དངུལ་བཏང་བ་དང་། 2023ལོར་ས་གནས་དེ་གའི་སྲིད་གཞུང་ལ་རྩིས་སྤྲད་དེ་དེ་གའི་མི་དམངས་ཀྱི་འཚོ་བའི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་བཏང་ནས་ཀྲུང་གོའི་ཁེ་ལས་ཀྱི་གཟུགས་བརྙན་བཟང་པོ་མངོན་པར་བྱས་ཡོད། ཐཱན་མེད་པའི་ཉི་ནུས་ཆུ་འདོན་མ་ལག་གིས་རུའོ་ཨང་གཱ་མཱ་ལཱ་གྲོང་ཁྱེར་གྱི་ས་འོག་ཚྭ་ཆུ་འཐུང་ཆུར་བསྒྱུར་ནས། ས་གནས་དེ་གའི་སྡེ་ཁུལ་གསུམ་གྱི་དུད་ཚང་800ལ་དྭངས་ཤིང་གཙང་བའི་ཆུ་སྤྱོད་རྒྱུ་བྱུང་ཡོད་པ་རེད། —— པར་ཙིར་གྱི《པོ་ནན་པུའུ་ཀོ་ཀྲོའུ་ཉིན་རེའི་ཚགས་པར》ཐོག་སྤེལ་བའི་གནས་ཚུལ།
འདི་ལོ་ནི་པར་ཀྲུང་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བའི་ལོ་ཡིན། པར་ཀྲུང་ཕྱོགས་གཉིས་པོས་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་རྒྱུན་མཐུད་ངང་ཤུགས་སྣོན་བརྒྱབ་ནས་ཁྱབ་ཁོངས་ཁག་གི་སྤེལ་རེས་དང་མཉམ་ལས་ཟབ་ཏུ་བཏང་སྟེ། རྒྱལ་ཁབ་གཉིས་པོའི་འབྲེལ་བར་དུས་རབས་ཀྱི་ནང་དོན་གསར་པ་བསྣན་ཡོད། རྒྱལ་ཁབ་གཉིས་པོའི་སྨྱན་སྦྱོར་གྱིས་སྤེལ་རེས་བྱེད་ཤུགས་ཆེ་རུ་བཏང་ཐོག་མཉམ་འབྲེལ་བཅར་འདྲི་སོགས་བརྒྱུད་ཕྱོགས་གཉིས་པོའི་དམངས་ཚོགས་དབར་ཕན་ཚུན་ཤེས་རྟོགས་དང་འབྲེལ་འདྲིས་བྱེད་པར་སྔར་བས་སྐུལ་འདེད་བཏང་ནས། པར་ཀྲུང་གི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་མཉམ་དུ་སྐུལ་འདེད་གཏོང་བར་སྨྱན་སྦྱོར་གྱི་སྟོབས་ཤུགས་འདོན་དགོས། —— པར་ཙིར་གྱི《ཚོང་ལས་ལྟ་ཞིབ་ཚགས་པར》ཐོག་སྤེལ་བའི་གནས་ཚུལ།
འདི་ནི་ཀྲུང་པའི་སྨྱན་སྦྱོར་གྱི་མཉམ་འབྲེལ་བཅར་འདྲི་ཚོགས་པས་ཤུས་ཀུང་པར་ཙིར་བཟོ་སྐྲུན་རྟེན་གཞིར་མཉམ་པར་རྒྱག་བཞིན་པ། འདི་ག་ཚགས་པར་གྱི་ལ་ཏིང་མེ་གླིང་ལྟེ་བའི་ཡན་ལག་ཁང་གི་ལུའུ་དབྱི་སི·པུའུ་ལན་ཁོའོ་ཡིས་པར་བརྒྱབ།
ཉིན་ཤས་གོང་། མི་དམངས་ཉིན་རེའི་ཚགས་པར་དང་པར་ཙིར་གྱི་གཙོ་རྒྱུན་སྨྱན་སྦྱོར་16གི་གསར་འགོད་པ་30ལྷག་ཙམ་པར་ཙིར་གྱི་ཀྲོའུ་5རུ་བསྐྱོད་དེ། སྤྱི་ལེ་ཁྲིར་བསྐྱོད་ནས“ཀྲུང་པར་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་མཉམ་དུ་སྐུལ་འདེད་གཏོང་བ”བརྗོད་དོན་གཙོ་བོར་བྱས་ནས་མཉམ་འབྲེལ་བཅར་འདྲི་བྱས་པ་རེད།
ཀྲུང་གོའི་ཆེས་གློག་ཆེན་གྱི་ལག་རྩལ་གྱིས་པར་ཙིར་གྱི“གློག་ཤུགས་མྱུར་བགྲོད་གཞུང་ལམ”དེ་བས་མང་བ་སྐྲུན་བཞིན་ཡོད་པ་དང་། ཀྲུང་གོའི་ཁེ་ལས་ཀྱིས་མ་དངུལ་བཏང་བའི་ཚྭ་ཆུ་ཚྭ་མེད་ཆུར་སྒྱུར་བའི་སྤྱི་ཕན་རྣམ་གྲངས་ཀྱིས་པར་ཙིར་གྱི་བྱང་ཤར་རྒྱུད་ཀྱི་ཡུལ་མི་3000ལྷག་ཙམ་མི་རབས་ནས་མི་རབས་བར་ཚྭ་ཆུ་འཐུང་བའི་ལོ་རྒྱུས་མཇུག་འགྲིལ་བ། པར་ཙིར་གྱི་ལས་གྲྭའི་བྱ་དགའ་མཐོ་ཤོས་རག་པའི་ཧྲེང་པའོ་ལུའོ་ས་འོག་ལྕགས་ལམ་ལམ་ཐིག་གཉིས་པ་རྒྱས་སྐྲུན་རྣམ་གྲངས་ཀྱིས་གྲོང་ཁྱེར་གྱི་འགྲིམ་འགྲུལ་སྔར་བས་ཤར་གཏོང་ཐུབ་པ་བྱུང་བ། ཐོན་སྐྱེད་བྱས་ནས་ལོ་10ཡན་སོང་བའི་ཤུས་ཀུང་པ་ཙིར་བཟོ་སྐྲུན་རྟེན་གཞི་དེ་ས་གནས་དེ་གའི་སྐད་གྲགས་ཆོད་པའི་མིང་བྱང་ཞིག་ཏུ་གྱུར་བ། ཡཱ་མཱ་སུན་ཆར་ཆུ་མང་བའི་ནགས་ཚལ་ཁྲོད་དུ་གནས་པའི་པི་ཡཱ་ཏེ་གློག་རྫས་བཟོ་གྲྭས་ཐཱན་འབུད་ཉུང་གཏོང་དང་ཁོར་ཡུག་སྲུང་སྐྱོང་ཆེད་ལེགས་སྐྱེས་ཕུལ་བ། ས་གནས་དེ་གའི་ལས་མི་1000ལྷག་ཙམ་བསྡུས་པའི་TCLརྟགས་ཅན་གྱི་བརྙན་འཕྲིན་བཟོ་སྐྲུན་རྟེན་གཞིས་པར་ཙིར་གྱི་འཛད་སྤྱོད་པས་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་བར་རོགས་རམ་བྱེད་པ་སོགས། ཀྲུང་གོ་དང་པར་ཙིར་གྱིས་འཐབ་འཇུས་འབྲེལ་གཏུག་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བས་དངོས་སྒྲུབ་མཉམ་ལས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ཀྲུང་གོ་དང་པར་ཙིར་གྱི་སྨྱན་སྦྱོར་གྱིས་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འགྲོ་འོང་དང་མཉམ་ལས་གཉིས་ཕན་གྱི་གསོན་ཉམས་དོད་པའི་གཏམ་རྒྱུད་བརྗོད་དེ་ཀྲུང་པར་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་མཉམ་དུ་སྐུལ་འདེད་གཏོང་ཆེད་ཡིད་ཆེས་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཡོད།