དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • “མཛུབ་དཀྲིས་ནང་བརྒྱུད་ཐུབ་པའི་སྟོད་ལྷེ”སླར་ཡང་ཁྲོམ་རར་བཏོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-24

    འདི་ནི་རུ་ཐོག་རྫོང་གི་ཁུ་ལུ་དཀར་པོའི་ཐོན་ལས་འགྲེམས་སྟོན་ལྟེ་གནས་ཀྱི་ལས་དོན་པས་སྟོད་ལྷེ་མཛུབ་དཀྲིས་ནང་རྒྱུད་བཞིན་པ།

    གསར་འགོད་པས་བོད་ཀྱི་མངའ་རིས་ས་ཁུལ་རུ་ཐོག་རྫོང་དུ་བཅར་འདྲི་བྱེད་སྐབས་རིང་ཚད་ལ་སྨི་2དང་ཞེང་ཚད་ལ་ལི་སྨི་60ཡོད་པའི་ཁུ་ལུའི་སྟོད་ལྷེ་མཛུབ་དཀྲིས་ནང་བརྒྱུད་ཐུབ་པའི་གནས་ཚུལ་ངོ་མ་ཡིན་པ་ཤེས་རྟོགས་བྱུང་བ་སྟེ། “གསེར་མཉེན་མོ”ཞེས་གྲགས་པའི་ར་དཀར་པོའི་ཁུ་ལུས་བཟོས་པའི་སྟོད་ལྷེ་ལྟེབ་རྩེག་བརྒྱབ་ཚེ་མཛུབ་དཀྲིས་ནང་བརྒྱུད་ཐུབ་ཀྱི་ཡོད། དེ་ནི་འཇམ་ཞིང་ཚགས་དམ་པ་ནི་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་དགུ་བཅུར་ཡོ་རོབ་དང་ཨ་རིའི་ཁྲོམ་རར་དར་སོ་ཆེ་བའི་ཧྲ་ཐུའུ་ཧྲེན་གྱི“མཛུབ་དཀྲིས་ནང་བརྒྱུད་ཐུབ་པའི་སྟོད་ལྷེ”དང་ཨ་ན་མ་ན་རེད།

    དུས་རབས་20པའི་ལོ་རབས་90པར། རང་རྒྱལ་སྲིད་གཞུང་གིས“བོད་ནུབ་བྱང་གི་ཁུ་ལུ་དཀར་པོའི་ར་ཁྲི་བརྒྱ་ཡི་གསོ་ཚགས་རྟེན་གཞི”བསྐྲུན་འགོ་ཚུགས་ཡོད། 1992ལོར་རུ་ཐོག་རྫོང་གིས་ས་གནས་དེ་གའི་ཁུ་ལུ་དཀར་པོའི་རའི་རྒྱུད་བཟང་གསོ་ཚགས་ལ་དམིགས་ཏེ་ཁུ་ལུ་དཀར་པོའི་རའི་རྒྱུད་སྤེལ་ར་བ་བཙུགས་པ་དང་། རྒྱུད་བཟང་དེ་དག“རྒྱུད་སྤེལ་ར་བ་དང་། རྒྱུད་སྤེལ་ས་ཚིགས། མཉམ་ལས་ཁང་བཅས་ཟུང་དུ་འབྲེལ་བའི”བྱེད་སྟངས་བརྒྱུད། རྩྭ་ཐང་གི་འབྲོག་རར་ཁྱབ་གདལ་བཏང་ནས་ས་གནས་དེ་གའི་ཞིང་འབྲོག་ལས་ཕྱོགས་སྒྱུར་རིམ་སྤོར་ཡོང་བར་རམ་འདེགས་བྱས་ཡོད།

    ལོ་30ལྷག་ཙམ་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། རུ་ཐོག་རྫོང་གིས་རའི་ཁུ་ལུའི་ཐོན་ལས་ཀྱི་རྒྱ་སྟོབས་རིམ་བཞིན་ཆེ་རུ་བཏང་ནས་རའི་ཁུ་ལུའི་ཐོན་རྫས“མཛུབ་དཀྲིས་ནང་བརྒྱུད་ཐུབ་པའི་སྟོད་ལྷེ”སླར་ཡང་ཁྲོམ་རར་འདོན་ཐུབ་པ་བྱས་ཡོད། 2024ལོར་རུ་ཐོག་རྫོང་གིས་ར་དཀར་པོའི་ཁུ་ལུ་ཁྱོན་ཏུན་227.87བྲིན་ཚོང་བྱས་པར་བྲིན་ཚོང་ཡོང་འབབ་སྒོར་ཁྲི་6700ཟིན་ཡོད།

    འདི་ནི་རུ་ཐོག་རྫོང་གི་ཁུ་ལུ་དཀར་པོའི་ར་རྒྱུད་སྤེལ་ར་བའི་འགོ་འཛིན་དཔལ་མཆོག་གིས་ཁུ་ལུ་དཀར་པོའི་ཐོན་རྫས་སྟོན་བཞིན་པ།

    འདི་ནི་རུ་ཐོག་རྫོང་གི་ཁུ་ལུ་དཀར་པོའི་རའི་རྒྱུད་སྤེལ་ར་བའི་ལས་དོན་པས་རྒྱུད་བཟང་ར་ཕྱིར་གློད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།