དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ས་མཐོའི་ལག་ཤེས་རྒྱུན་འཛིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-11-23

    འདི་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་འབའ་ཐང་རྫོང་དུ་ཝང་བཀྲ་ཤིས(གཡས་ཀྱི་དང་པོ)ཀྱིས་མངོན་མིན་རིག་གནས་ཤུལ་བཞག་ཉམས་ལེན་ཁང་དུ་འབའ་གཞས་འཁྲབ་བཞིན་པ།

    འདི་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་འབའ་ཐང་རྫོང་གི་ཝང་བཀྲ་ཤིས་ཡིན་པ།

    སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་འབའ་ཐང་རྫོང་གི་འབའ་གཞས་ཀྱི་པི་ཝང་གཏོང་མཁན་ཝང་བཀྲ་ཤིས་ནི་འདི་ལོ་ལོ་66ལ་སླེབས་ཀྱི་ཡོད་པ་དང་ཁོང་ནི་འབའ་གཞས་འཁྲབ་མཁན་གྱི་ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཡིན་ཞིང་། འབའ་གཞས་དང་པི་ཝང་བཟོ་བའི་ལག་རྩལ་སྲུང་སྐྱོང་དང་རྒྱུན་འཛིན་བྱ་ཆེད། ཁོང་གིས་རང་ཉིད་ཀྱི་ཁྱིམ་དུ་པི་ཝང་བཟོ་ཁང་ཞིག་བསྐྲུན་པ་མ་ཟད། བྱེད་སྒོ་སྣ་ཚོགས་ཁྲོད་འཁྲབ་སྟོན་བྱས་ནས་པི་ཝང་གི་འགྱུར་ཁུག་དང་འབའ་གཞས་ཀྱི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱེད་ཀྱི་ཡོད།

    ཉེ་བའི་ལོ་ཤས་རིང་། སི་ཁྲོན་ནུབ་རྒྱུད་ས་མཐོར་ལག་ཤེས་པ་ཚོས་རྒྱུན་ཆད་མེད་པར་རྙིང་འབུད་གསར་འདོན་བྱས་ནས་ཐོན་སྐྱེད་བྱས་པའི་ལག་ཤེས་བཟོ་རྩལ་གྱི་ཐོན་རྫས་དག་ས་མཐོ་ནས་རྒྱལ་ཁབ་ཕྱི་ནང་གི་ཁྲོམ་རར་འདོན་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།