དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀར་མཚོ་སྔོན་གྱིས་དཔེ་སྟོན་རང་བཞིན་གྱི་གངས་འཁྱགས་ལུས་རྩལ་དང་བྱེད་སྒོ་ཁག་11སྤེལ་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-11-23

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། གསར་འགོད་པར་2024ལོ་དང་2025ལོའི་མཚོ་སྔོན་ཞིང་ཆེན་གྱི་དགུན་དཔྱིད་ཡུལ་སྐོར་དང་། གངས་འཁྱགས་ལུས་རྩལ། ཕྱི་རོལ་གྱི་རྐང་ཐང་བྱེད་སྒོ་བཅས་ཀྱི་གསར་འགྱུར་བརྡ་སྦྱོར་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། 2024ལོ་དང་2025ལོའི་གངས་བབས་པའི་དུས་ཚིགས་སུ་མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་དཔེ་སྟོན་རང་བཞིན་གྱི་གངས་འཁྱགས་ལུས་རྩལ་དང་བྱེད་སྒོ་ཁག་11སྤེལ་རྩིས་ཡོད་པའི་ནང་ཞིང་ཆེན་རིམ་པའི་ཕྱོགས་བསྡུས་རང་བཞིན་གྱི་གངས་འཁྱགས་ལུས་རྩལ་འགྲན་ཚོགས་ཀྱི་རྣམ་གྲངས་1སྤེལ་རྒྱུ་དང་། རྒྱལ་ཡོངས་ཀྱི་ཆུ་ཚད་མཐོ་བའི་གངས་འཁྱགས་འགྲན་བསྡུར་གྱི་རྣམ་གྲངས་3གཉེར་འགན་འཁུར་རྒྱུ་ཡིན་པ། རྒྱལ་ཡོངས་རང་བཞིན་གྱི་གངས་འཁྱགས་རི་ཁུལ་གྱི་ཕྱི་རོལ་བྱེད་སྒོའི་འགྲན་བསྡུར་རྣམ་གྲངས་4ཡི་གཙོ་འགན་འཁུར་རྒྱུ་ཡིན་པ། ཞིང་ཆེན་ཡོངས་ཀྱི་དགུན་དཔྱིད་ཡུལ་སྐོར་གངས་འཁྱགས་ཀྱི་རི་འཛེགས་བྱེད་སྒོའི་རྣམ་གྲངས་3ལ་རྒྱབ་སྐྱོར་བྱ་རྒྱུ་བཅས་རེད། གངས་བབས་པའི་དུས་ཚིགས་ཧྲིལ་པོར་སྔོན་དཔག་ལྟར་ན་མི་ཐེངས་10000ཙམ་གངས་འཁྱགས་ལུས་རྩལ་ནང་ཐད་ཀར་ཞུགས་རྒྱུའི་ཡིད་དབང་འགུག་རྒྱུ་དང་མི་ཐེངས་50000ཡིས་གངས་འཁྱགས་བྱེད་སྒོར་གཞན་བརྒྱུད་ཀྱི་སྒོ་ནས་ཞུགས་རྒྱུར་སྣེ་ཁྲིད་བྱ་རྒྱུ་རེད། སྔོན་དཔག་ལྟར་ན་གངས་འཁྱགས་ཀྱི་ཕྱི་རོལ་ཐོན་ལས་ཀྱི་འཛད་སྤྱོད་སྒོར་དུང་ཕྱུར་1ཡོང་བར་སྐུལ་ཁྲིད་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།