དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་དུས་ཡུན་རིང་འབྲིང་གི་གཞོན་ནུ་འཕེལ་རྒྱས་ཀྱི་འཆར་གཞི་ལག་ལེན་བསྟར་རྒྱུར་སྐུལ་འདེད་བརྟན་པོ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-11-23

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཟླ་11ཚེས་20ཉིན་མཚོ་སྔོན་ཞིང་ཆེན་གཞོན་ནུའི་ལས་དོན་མཉམ་འབྲེལ་ཚོགས་འདུའི་ཚང་འཛོམས་ཚོགས་འདུ་ཐེངས་ལྔ་པ་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར། 《མཚོ་སྔོན་ཞིང་ཆེན་གྱི་དུས་ཡུན་རིང་འབྲིང་གི་གཞོན་ནུ་འཕེལ་རྒྱས་ཀྱི་འཆར་གཞི(2018ལོ་ནས་2025ལོ་བར)》ལག་ལེན་བསྟར་ཚུན། གཞོན་ནུའི་ཡིད་རྟོན་མ་ལག་དང་། གཞོན་ནུའི་སྤྱི་ཚོགས་འགན་སྲུང་། གཞོན་ནུའི་རིག་གནས་སོགས་འབྲེལ་ཡོད་འཕེལ་རྒྱས་ཀྱི་གཙོ་གནད་ལས་དོན་ཁྱབ་ཁོངས་11གི་བསྡོམས་རྩིས་ལ་ལྟ་ཞིབ་ཚད་ལེན་བྱས་ཚུལ་སྤྱིར་ན་ཡག་པོ་ཡོད་པ་དང་། གཙོ་གནད་རྣམ་གྲངས་ཁག་ལ་རིམ་པས་སྐུལ་མ་ཐེབས་པའི་ནང་ཆ་སྙོམས་སློབ་གསོ་ཐོབ་པའི་ལོ་ཚད་དང་། མཐོ་རིམ་སློབ་གསོའི་ན་འདྲེས་སློབ་ཞུགས་ཐུབ་ཚད། གཟུགས་པོ་བདེ་ཐང་གི་ཚད། གཞོན་ནུ་དང་བླངས་པ་ཐོ་འགོད་གྲངས་ཚད་སོགས་ཀྱི་རྣམ་གྲངས་སྔ་སྣུར་རམ་ཡང་ན་ཚད་ལས་བརྒལ་བའི་ངང་ལེགས་གྲུབ་ཟིན་ཡོད།

    ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་དང་ཁོངས་མིའི་ཚན་ཁག་43གྱིས་སློབ་གྲྭ་ཐོན་ནས་ལས་ཀ་འཚོལ་བ་དང་། སྡོད་ཁང་། བུ་ཕྲུག་གི་སློབ་གསོ། གཉེན་སྒྲིག སྤྱི་ཚོགས་འགན་སྲུང་སོགས་ཀྱི་གཞོན་ནུའི་ལས་དོན་ལ་སྐུལ་འདེད་བཏང་ཞིང་། རིམ་རྩིས་བརྒྱབ་ན། སྲིད་ཇུས་དང་དོན་དངོས་རྣམ་གྲངས་400ལྷག་ཙམ་བཏོན་པས་གཞོན་ནུ་འཕེལ་རྒྱས་ཀྱི་ལས་དོན་ལ་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི་མཉམ་ཤུགས་རགས་ཙམ་ཞིག་ཆགས་ཡོད། གཞོན་ནུའི་བསམ་བློ་དང་ཀུན་སྤྱོད་ཐད། “གཞོན་ནུའི་སློབ་སྦྱོང་ཆེན་པོ”དང་། “སྐེ་དར་དམར་པོ་འདོགས་མཁན་སློབ་སྦྱོང་ལ་དགའ”“གུང་གཞོན་སྡེ་ཚོགས་ཀྱི་སློབ་ཚན་ཆེན་པོ”སོགས་ལས་ཀའི་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ནས་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་སློབ་གསོ་ལག་ལེན་གྱི་བྱེད་སྒོ་ཁག་ཐེངས་ཁྲི་7ལྷག་ཙམ་གཉེར་བར་གཞོན་ནུ་ལོ་ཆུང་མི་ཐེངས་ཁྲི་600ལྷག་ཙམ་ལ་ཁྱབ་ཡོད། གཞོན་ནུར་སློབ་གསོ་གཏོང་བའི་ཐད། ཞིང་ཆེན་ཡོངས་ཀྱི་འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་ཚད་དང་མཐོ་འབྲིང་དུས་མཚམས་སློབ་གསོའི་ན་འདྲེས་སློབ་ཞུགས་ཐུབ་ཚད་97.25%དང་95.15% སོ་སོར་ཟིན་ནས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་ཡོད། སློབ་གསོ་དྲང་གཞག་ངང་དང་ལེན་ཐུབ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ནས་འོས་འགན་སློབ་གསོའི་དུས་མཚམས་སུ་གྲོང་ཁྱེར་དུ་གླ་པ་རྒྱུག་མཁན་གྱི་བུ་ཕྲུག་གཞུང་འཛུགས་སློབ་གྲྭར་གཏོང་བའི་བསྡུར་ཚད་99.74%ཟིན་ཡོད། གཞོན་ནུའི་གཉེན་སྒྲིག་ཐད། “གོམས་སྲོལ་སྒྱུར་བའི”འབྲེལ་ཡོད་སྲོལ་ཡིག་བཟོ་བར་སྐུལ་འདེད་བཏང་ནས་སྨན་རིན་སྤྲོད་མི་དགོས་པར་གཉེན་སྒྲིག་གོང་གི་བདེ་ཐང་བརྟག་དཔྱད་དང་། མངལ་མ་འཁོར་གོང་གི་ལེགས་བཙའི་བདེ་ཐང་བརྟག་དཔྱད་སོགས་ཀྱི་ལས་དོན་བསྒྲུབས་ཡོད། གཞོན་ནུའི་ལས་ཞུགས་དང་ལས་གཏོད་ཐད། ལྟ་སྦྱོང་ལས་གནས་སུ་མི་ཁྲི་བརྒྱ་ལས་ཞུགས་ཐུབ་པའི་འཆར་གཞི་ལག་ལེན་བསྟར་ཞིང་། རིམ་རྩིས་བརྒྱབ་ན། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལྟ་སྦྱོང་རྟེན་གཞི་261བཙུགས་པ་དང་། གཞོན་ནུའི་ལས་གཏོད་ཁེ་ལས་1152སྐྱེད་སྲིང་བྱས་ནས་གཞོན་ནུ་ཁྲི་1.31ལ་ལས་ཞུགས་སྣེ་ཁྲིད་ཀྱིས་ཞིང་ཆེན་ཡོངས་སུ་ལས་ཞུགས་སྤྱི་ཡོངས་བརྟན་པོ་ཡོང་བར་སྐུལ་འདེད་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།