དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་མྱུར་སྐྱེལ་གྱི་ལོའི་ལས་འབོར་བསྐུར་མ་དུང་ཕྱུར་1500ལས་ཐོག་མར་བརྒལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-11-23

     ཟླ་11ཚེས་17ཉིན་རྒྱལ་ཁབ་སྦྲག་སྲིད་ཅུས་སྦྲག་སྲིད་ལས་རིགས་བདེ་འཇགས་ལྟེ་གནས་ཀྱི་ཀྲུང་གོའི་མྱུར་སྐྱེལ་གྱི་གྲངས་གཞི་ཆེ་མོའི་ལས་སྟེགས་ཀྱི་བརྙན་ཤེལ་ཆེན་པོའི་ཐོག་ཨང་གྲངས་རིང་པོ་ཞིག་མངོན་ཞིང་། ཆུ་ཚོད་16དང་སྐར་མ་29ལ་བརྙན་ཤེལ་ཆེན་པོའི་ཐོག་ཨང་གྲངས“150000000000”མངོན་ཡོད།

    དེ་དང་ཆབས་ཅིག“བར་ཐག་སྤྱི་ལེ་ཆིག་སྟོང་ལྷག་ཙམ་ཆོད་པའི་ཀན་སུའུ་ཐེན་ཧྲུའེ་རུ་ཕན་ཏོག་ཏོག་ནས་ཉོས་ཏེ་ཅིས་ཐུའུ་མྱུར་སྐྱེལ་གྱི་མྱུར་སྐྱེལ་བས་བསྡུས་ནས་ཁྲུང་ཆིང་དུ་གཏོང་རྒྱུའི་ཧྭ་ཉིའུ་ཀུ་ཤུ་སྒམ་ཆུང་གཅིག་དེ་ད་ལོའི་མྱུར་སྐྱེལ་བསྐུར་མ་དུང་ཕྱུར་1500དེར་གྱུར་ཡོད། དེར་བརྟེན་རང་རྒྱལ་མྱུར་སྐྱེལ་གྱི་ལོའི་ལས་འབོར་བསྐུར་མ་དུང་ཕྱུར་1500ཡི་འགག་སྒོ་ཆེ་མོ་ལས་ཐོག་མར་བརྒལ་ཏེ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།

    མྱུར་སྐྱེལ་བསྐུར་མ་དུང་ཕྱུར་1500ལས་དེ་བས་དར་ཞིང་འཁྲུག་ཆ་དོད་པའི་མྱུར་སྐྱེལ་ཁྲོམ་ར་མཚོན་ཡོད།

    ལོར་མི་རེས་ཆ་སྙོམས་མྱུར་སྐྱེལ་བསྐུར་མ་100ལྷག་ཙམ་བསྡུ་ལེན་བྱས་པ་དང་ཆ་སྙོམས་སྐར་ཆ་རེར་མྱུར་སྐྱེལ་བསྐུར་མ་5400ལྷག་ཙམ་ཐོན་ནས་ཉིན་རེའི་ལས་འབོར་ཆེ་ཤོས་བསྐུར་མ་དུང་ཕྱུར་7.29ལྷག་ཙམ་ཟིན་ཡོད། ད་ལོ་ཚུན་རང་རྒྱལ་གྱི་མྱུར་སྐྱེལ་ལས་རིགས་ཀྱི་སྤུས་ནུས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་ཐོན་ལས་རིམ་སྤོར་ལ་མགྱོགས་མྱུར་སྐུལ་འདེད་དང་ཐོན་སྐྱེད་འཛད་སྤྱོད་ལ་སྐུལ་ཁྲིད་བྱས་ཏེ་དཔལ་འབྱོར་འཁོར་རྒྱུག་གི་ལས་ཕྱོད་ཆེ་རུ་འགྲོ་བ་དང་དཔལ་འབྱོར་འཁོར་རྒྱུག་ཤར་བགྲོད་ཐུབ་རྒྱུར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།

    མྱུར་སྐྱེལ་བསྐུར་མ་དུང་ཕྱུར་1500ཐོན་པ་ནི་སྤྱི་ཁོག་གི་སྲིད་ཇུས་བཟང་པོ་ལས་བྱུང་ཡོད།

    ད་ལོ་ཚུན་སྡེ་ཚན་མང་པོ་དང་ས་ཁུལ་མང་པོས་འཛད་སྤྱོད་ཡར་སྐུལ་གྱི་རྒྱབ་སྐྱོར་སྲིད་ཇུས་མགྱོགས་མྱུར་བཏོན་ཏེ་གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་སྒྱུར་དང་འཛད་རྫས་རྙིང་པ་གསར་བརྗེས་བྱ་སྤྱོད་ལག་བསྟར་བྱ་རྒྱུ་གོ་སྐབས་སུ་བྱས་ནས་འཛད་སྤྱོད་ཀྱི་རྣམ་པ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་དང་ཁྲོམ་རར་ཞུགས་རྒྱ་ཆེ་རུ་བཏང་བས། མིག་སྔའི་རྒྱུན་མཐུད་ལེགས་སུ་འགྲོ་བའི་འཕེལ་ཚུལ་སྲ་བརྟན་ཐུབ་ནས་མྱུར་སྐྱེལ་ལས་འབོར་ཤུགས་ཆེན་འཕར་རྒྱུར་སྐུལ་ཁྲིད་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།