དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ—ལ་ཏིང་མེ་གླིང་ཁེ་ལས་མཁས་ཅན་གྱི་མཐོ་རིམ་དབུ་ཚོགས་སྐབས་བཅུ་བདུན་པ་ནི་ཁ་ར་ཀྭར་འཚོགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-11-23

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་མ་ན་ཀྭ་ནས་ཟླ་11ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཚེས་18དང་19ཉིན། ཀྲུང་གོ—ལ་ཏིང་མེ་གླིང་ཁེ་ལས་མཁས་ཅན་གྱི་མཐོ་རིམ་དབུ་ཚོགས་སྐབས་བཅུ་བདུན་པ་ནི་ཁ་ར་ཀྭའི་རྒྱལ་ས་མ་ན་ཀྭ་རུ་འཚོགས་ཤིང་། ཀྲུང་གོ་དང་དེ་བཞིན་ལ་ཏིང་མེ་གླིང་དང་ཅ་ལེ་པི་ས་ཁུལ་གྱི་རྒྱལ་ཁབ་20ཡི་འཐུས་མི་500ལྷག་ཙམ་དབུ་ཚོགས་ལ་ཞུགས་ཡོད་པ་རེད།

    སྐབས་འདིའི་མཐོ་རིམ་དབུ་ཚོགས་ཀྱི་བརྗོད་དོན་གཙོ་བོ་ནི“མཐུན་སྒྲིལ་རོགས་རེས་ཀྱི་གོ་སྐབས་གསར་པ། ཀྲུང་ལའི་མཉམ་ལས་ཀྱི་མདུན་ལྗོངས་གསར་པ”ཞེས་པ་དེ་རེད། འགོ་ཚུགས་མཛད་སྒོར་ཀྲུང་གོ་རྒྱལ་སྤྱིའི་ཚོང་དོན་སྐུལ་སྤེལ་ཨུ་ལྷན་གྱི་ཚོགས་གཙོ་རེན་ཧུང་པིན་གྱིས་ཀྲུང་ལའི་བཟོ་ཚོང་ལས་རིགས་ཀྱི་ཚབ་ཞུས་ནས《ཀྲུང་གོ—ལ་ཏིང་མེ་གླིང་དང་ཅ་ལེ་པི་བཟོ་ཚོང་ལས་རིགས་མཉམ་ལས་ཀྱི་མ་ན་ཀྭའི་གྲོས་འགོ》ཁྱབ་བསྒྲགས་བྱས་པ་རེད། གྲོས་འགོའི་ནང་་ཀྲུང་ལའི་བཟོ་ཚོང་ལས་རིགས་ཀྱིས་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་ཟབ་གཏོང་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན། ཚོང་དོན་བཅའ་ཁྲིམས། ཚོང་དོན་མ་འཇོག་སྐུལ་སྤེལ་སྒྲིག་གཞི་བཅས་དང་ཚོང་དོན་མཐུན་ཚོགས་དང་། སྨན་བཅོས་འཕྲོད་བསྟེན་དང་བདེ་ཐང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཀྱི་གྲོས་འགོ་ལྔ་བཏོན་ཡོད། ཝེ་ནེ་ཙུའེ་ལའི་རྒྱལ་ནང་ཚོང་དོན་པུའུ་ཀྲང་པི་ལེ་ཅ་སི་དང་ནི་ཁ་ར་ཀྭར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཁྲེན་ཤིས་སོགས་འགོ་ཚུགས་མཛད་སྒོར་ཞུགས་ཡོད་པ་རེད།

    ནི་ཁ་ར་ཀྭའི་ཙུང་ཐུང་ཨོར་ཐེ་ཅ་ཡིས་བྱེད་སྒོར་ཞུགས་སྐབས། སྐབས་འདིའི་མཐོ་རིམ་དབུ་ཚོགས་ནང་གཞི་ཁྱོན་སྣ་ཚོགས་ཀྱི་ཀྲུང་ལའི་དཔལ་འབྱོར་ཚོང་དོན་གྱི་མཉམ་ལས་འདུས་ཡོད། ཕྱོགས་གཉིས་པོས་རྣམ་གྲངས་སྣ་ཚོགས་ཀྱི་མ་འཇོག་དང་འཕེལ་རྒྱས་འཆར་གཞིར་མཉམ་དུ་སྐུལ་འདེད་བཏང་བ་དེས་ལ་ཏིང་མེ་གླིང་གི་རྒྱལ་ཁབ་ཁག་དབར་གྱི་མཐུན་སྒྲིལ་ལ་ཕན་པ་དང་། དབུལ་ཕོངས་དང་དཀའ་ངལ་ལས་སྒྲོལ་བར་ཕན་པ་ཡོད་ལ། ས་གནས་དེ་གའི་མི་དམངས་ལ་བདེ་སྐྱིད་སྐྲུན་པ་བཅས་ལའང་ཕན་པ་བྱུང་ཡོད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།