དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “པར་ཙིར་དང་ཀྲུང་གོས་ཕྱོགས་མང་པོའི་གཉིས་ཕན་འབྲེལ་བ་བདེ་བླག་ངང་བཙུགས་ཡོད”

    —— པར་ཙིར་གྱི་ཕྱི་འབྲེལ་པུའུ་ཀྲང་མའོ་ལུའོ·ཝུའེ་ཨའེ་ལར་བཅར་འདྲི་ཞུས་པའི་སྐོར་བཀོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཧྲི་ཡོན་ཧའོ།   |     སྤེལ་དུས།  2024-11-23

    ཉེ་ཆར། པར་ཙིར་གྱི་ཕྱི་འབྲེལ་པུའུ་ཀྲང་མའོ་ལུའོ·ཝུའེ་ཨའེ་ལས་འདི་ག་ཚགས་པར་གྱི་གསར་འགོད་པའི་ཡིག་ཐོག་བཅར་འདྲི་དང་ལེན་བྱེད་སྐབས། “ཀྲུའུ་ཞི་ཞི་ཅིན་ཕིང་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་དགུ་པར་ཕེབས་པ་དང་འབྲེལ། པར་ཙིར་དུ་རྒྱལ་དོན་འཚམས་འདྲི་གནང་བར་ཡང་ཕེབས་ཡོད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་སྣེ་ཁྲིད་འོག པར་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཆུ་ཚད་དེ་བས་མཐོ་བར་བསླེབ་ངེས་རེད”ཅེས་བརྗོད་པ་དང་། ཁོང་གིས“འདས་པའི་ལོ་50ཡི་ནང་། པར་ཙིར་དང་ཀྲུང་གོས་དཔལ་འབྱོར་ཚོང་དོན་དང་ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་དང་། དེ་བཞིན་ཕྱོགས་མང་ཁྱབ་ཁོངས་ཀྱི་ཆབ་སྲིད་ཐད་སྐད་ཆ་ཤོད་རེས་སོགས་ཚུད་པའི་ཕྱོགས་མང་པོའི་གཉིས་ཕན་འབྲེལ་བ་བདེ་བླག་ངང་བཙུགས་ཡོད”ཅེས་བརྗོད།

    ཝུའེ་ཨའེ་ལས། དཔལ་འབྱོར་ཚོང་དོན་གྱི་མཉམ་ལས་ནི་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཁྲོད་ཀྱི་ཆེས་སྲོལ་རྒྱུན་དང་གྲུབ་འབྲས་ཐོབ་མང་ཤོས་ཀྱི་ཀ་རྟེན་ལྟ་བུ་ཡིན་ཞིང་། རྒྱལ་ཁབ་གཉིས་པོའི་ཚོང་དོན་འཕེལ་རྒྱས་ཀྱིས་མི་རྣམས་ལ་བག་ཆགས་ཟབ་མོ་བཞག་ཡོད། པར་ཙིར་གྱི་ཞིང་ལས་ཐོན་རྫས་ཀྱི་གསུམ་ཆ་གཅིག་ལྷག་ཙམ་ཀྲུང་གོར་འཚོང་གི་ཡོད་ལ། ཀྲུང་གོ་མི་དམངས་ཀྱི་གསོལ་ཅོག་ཐོག་གི་བཟའ་བཅའ་མང་པོ་ཞིག་པར་ཙིར་ནས་ཐོན་གྱི་ཡོད། “པར་ཙིར་འདི་ཉིད་ཀྲུང་གོའི་བློས་འགེལ་ཆོག་པའི་བཟའ་བཅའ་སྤུས་ལེགས་མཁོ་སྤྲོད་བྱེད་མཁན་གྱི་རྒྱལ་ཁབ་ཅིག་ཏུ་གྱུར་པར་ང་ལ་སྤོབས་པ་ཆེན་པོ་སྐྱེ་གི་འདུག”ཅེས་བརྗོད།

    ཝུའེ་ཨའེ་ལས་བརྗོད་དོན། “པར་ཙིར་ནི་ལ་ཏིང་མེ་གླིང་དུ་ཡོད་པའི་ཀྲུང་གོའི་མ་འཇོག་བྱ་ཡུལ་གལ་ཆེན་ཞིག་ཡིན་པས་ཀྲུང་གོས་མུ་མཐུད་མ་རྩ་འཇོག་པར་དགའ་བསུ་ཞུ་གི་ཡིན” ཀྲུང་གོའི་མ་འཇོག་དེ་པར་ཙིར་གྱི་བཟོ་ལས་ཅན་གྱི་འཕེལ་རིམ་ལ་ཧ་ཅང་གལ་ཆེན་པོ་ཡིན། ཕྱོགས་གཅིག་ནས་ཀྲུང་གོས་གསར་དར་བཟོ་ལས་ཅན་ཁྱབ་ཁོངས་ཀྱི་མ་འཇོག་ཐད་ལྗང་མདོག་དང་བསྟུན་མཁས་རང་བཞིན་ལ་སྣང་ཆེན་བྱས་ནས་པར་ཙིར་གྱི་ནུས་རྒྱུ་ཕྱོགས་སྒྱུར་ལ་སྐུལ་འདེད་བཏང་བ་དང་། ཕྱོགས་གཞན་ཞིག་ནས་ཀྲུང་གོས་རླུང་ནུས་དང་ཉི་ནུས་སོགས་ཁྱབ་ཁོངས་ཀྱི་མ་འཇོག་དེ་པར་ཙིར་གྱི་བཟོ་ལས་ཅུང་ཉམས་ཞན་ཁུལ་དུ་གཅིག་སྡུད་བྱས་པ་དེས་པར་ཙིར་གྱི་ས་ཁུལ་མི་འདྲ་བའི་འཕེལ་རྒྱས་ཀྱི་ཧེ་བག་ཆུང་དུ་གཏོང་བར་ཕན་ཐོགས་ཡོད། པར་ཙིར་གྱིས“རྒྱུད་གཅིག་ལམ་གཅིག”

    མཉམ་སྐྲུན་གྱི་གྲོས་འགོར་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། “མྱུར་འཕར་འཆར་གཞི”དང་། “པར་ཙིར་གྱི་བཟོ་ལས་གསར་པའི་འཆར་གཞི” “མེ་གླིང་ལྷོ་མ་གཞི་གཅིག་ཅན་གྱི་ལམ་ཕྱོགས་འཆར་གཞི”སོགས་པར་ཙིར་གྱི་འཕེལ་རྒྱས་འཐབ་ཇུས་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་གཉིས་སྦྲེལ་མཐུད་བྱེད་པའི་སྐོར་ལ་གྲོས་མོལ་བྱེད་འདོད་ཡོད།

    ཀྲུང་གོ་དང་པར་ཙིར་གྱིས་མཉམ་འབྲེལ་ཐོག་ཆབ་སྲིད་ཀྱི་ཐོག་ནས་ཡུག་རེན་གྱི་ཉམས་ཉེན་ཐག་གཅོད་བྱེད་པའི“ཐུན་མོང་གི་ངོས་འཛིན་ཁག་དྲུག”ཁྱབ་བསྒྲགས་བྱས་ནས། ལངས་ཕྱོགས་གཅིག་པ་ཡིན་པའི“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”ཀྱི་རྒྱལ་ཁབ་ཁག་དང་མཉམ་དུ་ཡུག་རེན་གྱི་ཉམས་ཉེན་གྱི“ཞི་བདེའི་མཛའ་གྲོགས”ཚོགས་ཆུང་འཛུགས་རྒྱུའི་གྲོས་འགོ་བཏོན་ཏེ། གོ་ལ་ཧྲིལ་པོའི་གླེང་མང་བའི་གནད་དོན་ཐད་ཀྱི་རྒྱལ་ཁབ་གཉིས་པོའི་འཐབ་ཇུས་འབྲེལ་འདྲིས་དང་མཐུན་སྦྱོར་ཟབ་ཏུ་བཏང་ནས། འཛམ་གླིང་ཞི་བདེ་དང་བརྟན་ལྷིང་ལ་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད། ཝུའེ་ཨའེ་ལས། ཞི་བདེ་དང་འཕེལ་རྒྱས་ནི་གཅིག་ཕན་གཅིག་གྲོགས་ཡིན་པས། པར་ཙིར་དང་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་འཛམ་གླིང་ཞི་བདེ་དང་བདེ་འཇགས་ཀྱི་གནད་དོན་ཐད་སྐད་ཆ་ཤོད་རེས་བྱེད་ཀྱི་ཡོད། “པར་ཙིར་དང་ཀྲུང་གོ་ནི་སའི་གོ་ལའི་ཕྱེད་ནུབ་མ་དང་ཕྱེད་ཤར་མའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་གཉིས་ཡིན་པའི་ཆ་ནས། རང་རང་གི་ཤུགས་རྐྱེན་སྤྱད་དེ། དེང་གི་འཛམ་གླིང་གི་གནད་དོན་གལ་ཆེན་ཐག་གཅོད་བྱེད་པའི་ཐབས་ལམ་འཚོལ་ཞིབ་བྱེད་འདོད་ཡོད”ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།