《གོ་བདེ་དོན་ཟབ་ཀྱི་གསུང་། ཞི་ཅིན་ཕིང་གིས་མཉེས་པོ་གནང་བའི་གཏམ་རྒྱུད》ལེའུ་གསུམ་པ(ཕོར་ཐིའུ་ཀལ་གྱི་སྐད་ཡིག་དཔར་མ)པར་ཙིར་དུ་གཏོང་སྤེལ་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པ་ཞི་ལི་ཡ་ནས་ཟླ་11ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་20ཉིན། ཀྲུང་གོ་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་བཟོས་པའི《གོ་བདེ་དོན་ཟབ་ཀྱི་གསུང་། ཞི་ཅིན་ཕིང་གིས་མཉེས་པོ་གནང་བའི་གཏམ་རྒྱུད》
ལེའུ་གསུམ་པ(ཕོར་ཐིའུ་ཀལ་གྱི་སྐད་ཡིག་དཔར་མ)གཏོང་སྤེལ་མཛད་སྒོ་པར་ཙིར་གྱི་རྒྱལ་ས་པ་ཞི་ལི་ཡ་རུ་གཉེར་ཞིང་། ལེ་ཚན་དེ་ཚེས་20ཉིན་ནས་བཟུང་པར་ཙིར་གྱི་རྒྱལ་ཁབ་སྲོལ་རྒྱུན་སྨྱན་སྦྱོར་ཀུང་སི་དང་། པར་ཙིར་དར་སྒྲེང་བའི་སྨྱན་སྦྱོར་ཚོགས་པ། SBTབརྙན་འཕྲིན་ལས་ཁུངས། པར་ཙིར་སྒམ་ཆུང་སྨྱན་སྦྱོར་ཚོགས་པ། པར་ཙིར་བྱང་ཤར་བརྙན་འཕྲིན་ལས་ཁུངས་གསར་མ་སོགས་ཀྱིས་གཏོང་སྤེལ་བྱས་ཡོད།
《གོ་བདེ་དོན་ཟབ་ཀྱི་གསུང་། ཞི་ཅིན་ཕིང་གིས་མཉེས་པོ་གནང་བའི་གཏམ་རྒྱུད》ལེའུ་གསུམ་པ(ཕོར་ཐིའུ་ཀལ་གྱི་སྐད་ཡིག་དཔར་མ)ཡི་ནང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་། རྩོམ་ཡིག བཀའ་མོལ་བཅས་ནང་དྲངས་པའི་ཀྲུང་གོའི་སྙན་ཚིག་དང་གསུང་རབ་འཇུག་གཞིར་བྱས་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་དང་། རིག་གནས་རྒྱུན་འཛིན་དང་གསར་གཏོད། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་། ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ་སོགས་ཀྱི་བརྗོད་དོན་གཙོ་བོར་དམིགས་ཏེ། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཁྱད་དུ་འཕགས་པའི་ཆབ་སྲིད་ཀྱི་བློ་རིག་དང་། མི་ཆོས་རིག་གནས་ཀྱི་བརྩེ་བ་ཟབ་མོ། མཁྱེན་རྒྱ་ཡངས་པའི་ལོ་རྒྱུས་ཆེ་མོའི་ལྟ་བ་དང་འཇིག་རྟེན་ལྟ་བ་བཅས་གསལ་སྟོན་བྱས་ཏེ། ལྟད་མོ་བ་ཚོར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རིག་གནས་ཀྱི་གཞི་རྩ་མངོན་པར་བྱས་ཡོད།