དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རི་ཆུ་སྟོང་གིས་ཆོད་གྱུར་ཀྱང་། བརྩེ་སེམས་ཟབ་མོ་རྡོ་རྗེའི་བྲག

    —— “སྐལ་བཟང་མེ་ཏོག་རབ་ཏུ་བཞད། ནན་ཅིང་དང་མལ་གྲོའི་གཟའ་འཁོར”སྐབས་ལྔ་པའི་བྱེད་སྒོ་ནན་ཅིང་དུ་སྤེལ་བའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-23

    “གནམ་མཐའི་མལ་གྲོ”དང“རྒྱལ་རབས་དྲུག་གི་གནའ་གྲོང་ནན་ཅིང”དབར་བར་ཐག་སྤྱི་ལེ་3800ཙམ་ཡོད་ཀྱང་། བོད་སྐྱོར་གྱི་དྲིན་ལས་རི་ཆུ་སྟོང་གིས་ཆོད་པའི་ཡུལ་གྲུ་དེ་གཉིས་ཀྱི་བརྩེ་སེམས་ཟབ་མོ་རྡོ་རྗེའི་བྲག་བཞིན་ཧ་ཅང་བརྟན།

    1995ལོ་ནས་2024ལོ་བར། ཁག་ཐེངས་10ཡི་བོད་སྐྱོར་ལས་བྱེད་པ་35དང་། ཁག་ཐེངས་17གྱི་བོད་སྐྱོར་སྨན་པ་61 ཁག་ཐེངས་4ཡི་བོད་སྐྱོར་དགེ་རྒན་20གཅིག་རྗེས་གཉིས་མཐུད་ངང་མལ་གྲོར་ཡོང་ནས་བོད་སྐྱོར་གྱི་རང་འགན་ཧུར་ཐག་བསྒྲུབས་ཡོད་ཅིང་། ནན་ཅིང་གིས་བོད་སྐྱོར་ལས་བྱེད་པ་ཁག་དང་པོ་མངགས་པ་ནས་བཟུང་། ནན་ཅིང་དང་མལ་གྲོ་གུང་དཀར་དབར་མཛའ་གྲོགས་ཀྱི་འབྲེལ་བ་ཟབ་མོ་ཆགས་ཡོད།

    ཉེ་ཆར། 《ནན་ཅིང་དང་མལ་གྲོ》 — ལོ་སུམ་ཅུར་ཕྱིར་མིག་ལྟ། ནན་ཅིང་དང་ལྷན་དུ་འབད་འཐབ་བྱེད་ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི“སྐལ་བཟང་མེ་ཏོག་རབ་ཏུ་བཞད། ནན་ཅིང་དང་མལ་གྲོའི་གཟའ་འཁོར”སྐབས་ལྔ་པའི་བྱེད་སྒོ་ནན་ཅིང་གྲོང་ཁྱེར་ཞོན་ཝུའུ་ཆུས་པད་མ་ཐང་ཆེན་དུ་སྤེལ་བ་རེད།

    “སྐལ་བཟང་མེ་ཏོག་རབ་ཏུ་བཞད། ནན་ཅིང་དང་མལ་གྲོའི་གཟའ་འཁོར”གྱི་རིང་། མལ་གྲོ་གུང་དཀར་རྫོང་དང་ནན་ཅིང་གྲོང་ཁྱེར་གྱི་མང་ཚོགས་དབར་གྱི་མཛའ་གཅུགས་ཀྱི་འབྲེལ་བ་སྔར་བས་ཟབ་ཏུ་གཏོང་བ་དང་། “ནན་ཅིང་དང་མལ་གྲོའི་ཁྱིམ་ཚང་གཅིག་ལྟར་གྱི་བརྩེ་སེམས”ཉམས་སུ་མྱོང་ཆེད། “ནན་ཅིང་དུ་མལ་གྲོའི་རིག་གནས་དྲིལ་བསྒྲགས”ཀྱི་བྱེད་སྒོ་སྤེལ་རིང་། ཞོན་ཝུའུ་ཆུས་དང་། ཆིན་ཧུའེ་ཆུས། ཅང་ཉིང་ཆུས། ཀུའུ་ལོའུ་ཆུས་བཅས་སུ་གླུ་གར་འཁྲབ་སྟོན་བཀོད་སྒྲིག་བྱས་ཤིང་། ནན་ཅིང་གིས་མལ་གྲོ་གུང་དཀར་རྫོང་ལ་ཁ་གཏད་རོགས་སྐྱོར་བྱས་ནས་ལོ་30སོང་རིང་གི་གྲུབ་འབྲས་འགྲེམས་སྟོན་དང་། མལ་གྲོའི་ས་གཙང་ཐོན་རྫས་འགྲེམས་ཚོང་། དེ་བཞིན་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན། ནན་ཅིང་གི“མི་ཁྲི་ཡིས་མལ་གྲོར་གཉེན་འཕྲད་ཡུལ་སྐོར”་བྱེད་པའིའོས་སྦྱོར་བྱེད་སྒོ་དང་མེ་ཕུང་མཚན་ཚོགས་གཉེར་བ། བོད་ཀྱི་རིག་གནས་གློག་བརྙན་བསྟན་པ། མལ་གྲོའི་པད་སྣུམ་ཐད་གཏོང་བརྒྱུད་ཚོང་བ་སོགས་ནང་དོན་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་བ་རེད།

    ད་ཐེངས་ཀྱི་ནན་ཅིང་གི“མི་ཁྲི་ཡིས་མལ་གྲོར་གཉེན་འཕྲད་ཡུལ་སྐོར”བྱེད་པའི་བྱེད་སྒོར་གསར་བརྗེའི་ཡུལ་སྐོར་དང་། ཁམས་གསོའི་ཡུལ་སྐོར། སྐྱེ་ཁམས་ཡུལ་སྐོར་བཅས་ཀྱི་ཡུལ་སྐོར་ལམ་ཐིག་རྩེ་གྲས་གསུམ་བཏོད་པར། གྲོང་མིས་འདུན་ཞུའི་རེའུ་མིག་ཐོག་རུས་མིང་དང་། མི་རིགས། ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས། འབྲེལ་གཏུག་ཨང་གྲངས་བཅས་བརྒྱངས་ཚེ། གཉེན་འཕྲད་ཀྱི་ལག་ཁྱེར་རག་གི་ཡོད་པ་རེད།

    མལ་གྲོ་གུང་དཀར་རྫོང་གི་གཉེན་འཕྲད་ཉམས་ལེན་གཱ་འདུན་ཞུ་ཐུབ་པའི་ནན་ཅིང་གི་གྲོང་མི་ལི་ཧའོ་མིང་གིས“ང་ཚོའི་ནང་མི་ཚང་མ་སྐྱེ་ཁམས་ཡུལ་སྐོར་གྱི་ལམ་ཐིག་འདིར་ཧ་ཅང་དགའ་པོ་ཡོད། ཉིན་གཉིས་ཀྱི་ཡུལ་སྐོར་རིང་། ང་ཚོས་ལྷ་ས་ནས་རྡོག་ཐོན་བྱས་ཏེ་སྲོང་བཙན་སྒམ་པོའི་དྲན་གསོ་ཁང་དང་། ཧོར་ཁང་གཞིས་ཀ ཁྲི་སྒང་གྲོང་ཚོའི་ཏང་འཛུགས་སྐྱོང་སློབ་གསོའི་རྟེན་གཞི་བཅས་དང་། དེ་བཞིན་གླིང་ཁ་དགའ་གཏོང་དང་། སྟག་ཕུ་གནམ་རིག་སྐར་རྩིས། འབྲི་གུང་ཆུ་མཛོད། འབྲི་གུང་རིག་གནས་ཉམས་ལེན། གཏེར་སྒྲོམ་ཆུ་ཚན་སོགས་ཀྱི་མཛེས་ལྗོངས་ཁུལ་དུ་ལྟ་སྐོར་དང་ཉམས་ལེན་བྱེད་པར་བསྐྱོད་པ་ཡིན། དེ་དག་ལ་གནའ་བོའི་རིག་གནས་དང་ལོ་རྒྱུས་ཀྱི་ནང་དོན་ལྡན་པའི་ཁར། ད་དུང་རང་བྱུང་ཆུ་ཚན་བརྒྱབ་ནས་ལུས་གསོའང་བྱེད་ཆོག་གི་འདུག མཛེས་ལྗོངས་ཁུལ་འདི་དག་ལ་རིན་པ་སྤྲོད་དགོས་མེད་པས། ང་ཚོ་རྒན་རྒོན་དག་ཡུལ་སྐོར་བྱེད་སའི་གདམ་ག་ཡག་ཤོས་ཤིག་རེད”ཅེས་བརྗོད།

    “ནན་ཅིང་དང་མལ་གྲོའི་གཟའ་འཁོར”བྱེད་སྒོ་སྤེལ་རིང་། “སྐལ་བཟང་མེ་ཏོག་རབ་ཏུ་བཞད། སློབ་ཆེན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་དམིགས་བསལ་སྦྱོང་བརྡར་སྒར་ས”སྐབས་དྲུག་པ་གཉེར་འགོ་ཚུགས་ཤིང་། ནན་ཅིང་བོད་སྐྱོར་གྱིས་སློབ་ཆེན་སློབ་མའི་ལས་ཞུགས་ལས་གཏོད་ལ་དམིགས་ཏེ། ལས་ཞུགས་བོད་སྐྱོར་གྱི་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ནས། “1+3+N”གྱི་བྱེད་ཐབས་བརྒྱུད། སློབ་ཐོན་ནས་ལས་ཞུགས་བར་གྱི“མཐའ་མའི་འགག་གནད”བསལ་ཡོད། “1”ནི་ནན་ཅིང་དུ་སྒོ་སྡོམ་རྣམ་པའི་སྦྱོང་བརྡར་ཟླ་བ་གཅིག་བྱེད་པར་གོ་བ་དང་། “3”ནི་ནན་ཅིང་དུ་ལྟ་སྦྱོང་དངོས་སྦྱོང་ཟླ་བ་གསུམ་བྱེད་པར་གོ་བ། “N”ནི་དོ་དམ་ཡོ་བྱད་Nརག་པ་དང་རྩལ་ནུས་Nཁོང་དུ་ཆུད་པར་བྱས་ནས། ནན་ཅིང་དུ་ལས་ཞུགས་ལས་གཏོད་ཐུབ་པ་དང་། བོད་དུ་ལས་ཞུགས་ལས་གཏོད་ཐུབ་པ་སོགས་ཀྱི་གདམ་ག་Nཡོང་སྲིད་པར་གོ་བ་ཡིན།

    2019ལོར་དམིགས་བསལ་སྦྱོང་བརྡར་སྒར་ས་བཙུགས་པ་ནས་བཟུང་། སྐབས་ལྔ་ཡི་སློབ་མ་བསྟུད་མར་སློབ་མཇུག་བདེ་བླག་ངང་འགྲིལ་ནས་ལས་ཞུགས་ཐུབ་ཚད་100%ཟིན་པ་དང་། 2023ལོའི་ལོ་མཇུག་བར། སློབ་མ་145བདེ་བླག་ངང་ལས་གཏོད་ལས་ཞུགས་ཐུབ་ཡོད། མིག་སྔར། དམིགས་བསལ་གསོ་སྦྱོང་སྒར་ས་དེ་ཉིད་ཤེས་ལྡན་པ་གསོ་སྐྱོང་དང་། ལས་ཞུགས་ལས་གཏོད། གྲོང་གསེབ་དར་རྒྱས་དང་དེ་བཞིན་ཤེས་ལྡན་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་སུ་རྒྱ་སྐྱེད་བཏང་བ་དང་། གསོ་སྦྱོང་གི་ཁྱབ་ཁོངས་ཀྱང་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པ་དང་། ཞིང་འབྲོག་མང་ཚོགས། ལག་ཤེས་བཟོ་རྩལ་པ་བཅས་བར་མང་དུ་བཏང་ནས། རིག་སྟོབས་དང་བློ་སྟོབས་གཉིས་སྐྱོར་དང་། ཕྱོགས་གཉིས་སྤེལ་རེས། ཕྱོགས་གཉིས་མཉམ་ལས་བཅས་ཀྱི་བྱེད་སྒོ་ཁྱོན་ཡོངས་ནས་སྤེལ་བཞིན་ཡོད་པ་རེད།

    ད་ཐེངས་ཀྱི་འོས་སྦྱོར་ངོ་སྤྲོད་ཚོགས་འདུ་བདེ་བླག་ངང་གཉེར་བ་དེས་མལ་གྲོ་གུང་དཀར་རྫོང་དང་ནན་ཅིང་གྲོང་ཁྱེར་དབར་ཕུལ་བྱུང་ཐོན་ཁུངས་མཉམ་ལས་སྤེལ་རེས་ཀྱི་ལས་སྟེགས་དེ་བས་ལེགས་པ་བསྐྲུན་ཐུབ་ནས། ནན་ཅིང་དང་མལ་གྲོའི་དབར་གྱི་མཉམ་ལས་ཟབ་ཏུ་དང་། ལེགས་ཆ་གསབ་རེས། མཐུན་སྦྱོར་འཕེལ་རྒྱས་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པར་རྨང་གཞི་བཏིང་ཡོད་པ་རེད། འབྲེལ་ཡོད་འགན་འཁུར་བས། ང་ཚོས་ལྷག་བསམ་དག་ཤོས་དང་། ཞབས་འདེགས་ཡག་ཤོས། ཁོར་ཡུག་ཡག་ཤོས་བཅས་ཀྱི་ཐོག་ནས། ཁེ་ལས་མཁས་ཅན་ཚོ་བློ་བདེ་པོས་ལས་གཏོད་བྱེད་ཐུབ་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གསོན་ཤུགས་གང་ལེགས་འཕེལ་བ། ཕན་ཚུན་འགྲན་རྩོད་ཁྲོད་ཡར་རྒྱས་ཡོང་བ། འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བཅས་བྱས་ཏེ། རྫོང་ཁོངས་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་གི་ཡིན་ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།