དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • “བཅུ་གཅིག་ཟུང”གི་རིང་བོད་ཀྱི་དྲ་ཐོག་སིལ་འཚོང་བྱེད་ཚད་སྒོར་དུང་ཕྱུར་66.1ཟིན་པ།

    འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-23

    ཉེ་ཆར། གསར་འགོད་པས་རང་སྐྱོང་ལྗོངས་ཚོང་དོན་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། ལྟ་ཞིབ་ཚད་ལེན་ལས་མངོན་པར། “བཅུ་གཅིག་ཟུང”གི་རིང་། རང་ལྗོངས་ཀྱི་དྲ་ཐོག་སིལ་འཚོང་བྱེད་ཚད་སྒོར་དུང་ཕྱུར་66.1ཟིན་པ་དེ་དུས་མཚུངས་ལས་53.32%འཕར་ནས་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། དེའི་ནང་དངོས་རྫས་ལས་རིགས་ལ་དྲ་ཐོག་ནས་སིལ་འཚོང་བྱེད་ཚད་སྒོར་དུང་ཕྱུར་62.3མངོན་འགྱུར་བྱུང་བ་དེས་བསྡུར་ཚད་94.34%ཟིན་པ་དང་། སྤྱི་ཚོགས་ཀྱི་འཛད་རྫས་སིལ་འཚོང་བསྡོམས་འབོར་ལ་ལེགས་སྐྱེས་འབུལ་ཚད་ཟམ་མི་ཆད་པར་ཆེ་རུ་སོང་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་གསབ་ཁེ་སྤོགས་དང་གཟིགས་སྐྱོང་བྲིན་སྐུལ་གྱི་རམ་འདེགས་ལ་བརྟེན་ནས་ཁྱིམ་སྤྱོད་གློག་ཆས་ལས་རིགས་དར་འཕེལ་བྱུང་ཡོད། རང་སྐྱོང་ལྗོངས་ཚོང་དོན་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ད་ལོ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་ཁྱབ་གདལ་ཤུགས་ཆེན་གཏོང་བའི“རྙིང་པ་གསར་པར་བརྗེ་བའི”ཁ་གསབ་སྲིད་ཇུས་དང་ལས་སྟེགས་ཀྱི“བཅུ་གཅིག་ཟུང”གི་་གཟིགས་སྐྱོང་བྲིན་སྐུལ་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དེས་བོད་དུ་ཐོ་འགོད་བྱས་པའི་དྲ་ཐོག་ཁྱིམ་སྤྱོད་གློག་ཆས་ལས་རིགས་ཀྱི་དྲ་ཐོག་སིལ་འཚོང་བྱེད་ཚད་ཕྱོགས་ཡོངས་ནས་འཕར་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།