དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • 2024ལོའི“ཀྲུང་གོ་ལ་ལྟ། འཛམ་གླིང་ལ་ཉན”ཞེས་པའི་གླེང་སྟེགས་གཉེར་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-11-22

    ཟླ་11ཚེས་19ཉིན། 2024ལོའི“ཀྲུང་གོ་ལ་ལྟ། འཛམ་གླིང་ལ་ཉན”ཞེས་པའི་གླེང་སྟེགས་ཀུའེ་ཀྲོའུ་ཞིང་ཆེན་ཀུའེ་དབྱང་གྲོང་ཁྱེར་དུ་གཉེར་བ་རེད། གླེང་སྟེགས་ཀྱི་བརྗོད་དོན་གཙོ་བོ་ནི“སྒྱུར་བཅོས་སྒོ་དབྱེ་ཟབ་ཏུ་བཏང་ནས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་མཉམ་གཉེར་བྱེད”ཅེས་པ་ཡིན་པ་དང་། ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་དང་ཀྲུང་གུང་ཀུའེ་ཀྲོའུ་ཞིང་ཨུད་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་ཞིག་ཡིན་ཞིང་། རྒྱལ་ཁབ་50ནས་ཡོང་བའི་སྲིད་ཏང་དང་། ཇུས་འདོན་ཚོགས་པ། ཁེ་ལས། སྨྱན་སྦྱོར་སོགས་ཀྲུང་གོ་དང་ཕྱི་རྒྱལ་གྱི་ལས་རིགས་ཁག་གི་མི་སྣ་200ལྷག་ཙམ་ཞུགས་ཡོད་པ་རེད།

    ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའི་པུའུ་ཀྲང་ལིའུ་ཅན་ཁྲའོ་ཡིས་ཤིས་ཚིག་གནང་སྐབས། སྒྱུར་བཅོས་སྒོ་དབྱེ་ལས་ཀྲུང་གོའི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་བ་མ་ཟད། འཛམ་གླིང་ལའང་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད། དུས་རབས་གསར་པའི་ཀུའེ་ཀྲོའུ་ཡི་འཕེལ་རྒྱས་དང་འགྱུར་ལྡོག་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གསོན་ཉམས་ལྡན་པའི་སྒོ་ནས་ལག་ལེན་བསྟར་བ་ལས་བྱུང་བ་ཞིག་རེད། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་ཆབས་ཅིག ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གྲུབ་འབྲས་གསར་པར་བརྟེན་ནས་འཛམ་གླིང་གི་འཕེལ་རྒྱས་ལ་གོ་སྐབས་གསར་པ་མཁོ་འདོན་བྱེད་ངེས་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་དགུ་པའི་ཐོག་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཀྲུང་གོའི་བྱ་སྤྱོད་ཁག་བརྒྱད་ཁྱབ་བསྒྲགས་གནང་ལ། ཀྲུང་གོས་འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་དུ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།