དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ས་མཐོའི་ལག་ཤེས་རྒྱུན་འཛིན་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-11-22

    འདི་ནི་2024ལོའི་སྡེ་དགེ་རྫོང་གི“གནས་བཟང་བསམ་བཀོད་ལག་ཤེས་པའི”ཁྱད་ལྡན་ངལ་ནུས་སྤུས་རྟགས་ཀྱི་གསོ་སྦྱོང་འཛིན་གྲྭར་ཟླ་བ་གྲགས་པས(གཡས)དགེ་ཕྲུག་ལ་དངུལ་ཤན་གཏོང་སྟངས་སློབ་བཞིན་པ།

    འདི་ནི“ཟླ་བ་གྲགས་པས་མཁྱེན་ལི་བཟོ་ཁང”གི་ལི་མ་ཟངས་ཀྱི་ལུགས་རྒྱག་བཟོ་རྩལ་ལ་བརྟེན་ནས་བཟོས་པའི་བསམ་བཀོད་ཐོན་རྫས་སྟོན་བཞིན་ཡོད།

    འདི་ནི་ཟླ་བ་གྲགས་པས་མཁྱེན་ལི་ལི་མ་ཟངས་ཆས་ཀྱི་བསམ་བཀོད་ཐོན་རྫས་ཀྱི་ལུགས་པར་ལ་ལྟ་བཞིན་པ།

    ཟླ་བ་གྲགས་པ་1992ལོར་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་སྡེ་དགེ་རྫོང་སྨན་ཤོར་གྲོང་རྡལ་གྱི་ལག་ཤེས་བཟོ་རྩལ་གྱི་ཁྱིམ་རྒྱུད་ཅིག་ཏུ་སྐྱེས་པ་དང་། ཁྱིམ་རྒྱུད་དེར་ལོ་ཉིས་བརྒྱ་ལྷག་ཙམ་གྱི་ལི་མ་ཟངས་རྡུང་བའི་ལོ་རྒྱུས་ཡོད། ཟླ་བ་གྲགས་པས་ཆུང་དུས་ནས་ཕ་ཉི་མའི་དྲུང་དུ་ལག་ཤེས་སྦྱངས་པས་ད་ཆ་ཁོང་ནི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས“བོད་རིགས་ཀྱི་ལྕགས་རིགས་རྡུང་བཟོའི་ལག་རྩལ”གྱི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཀྲོའུ་ཡི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ཞིག་ཡིན། ཟླ་བ་གྲགས་པས་སྲོལ་རྒྱུན་གྱི་བཟོ་རྩལ་རྒྱུན་འཛིན་བྱེད་པ་དང་ཆབས་ཅིག དར་སོ་ཆེ་བའི་བསམ་བཀོད་ཐོན་རྫས་གསར་སྤེལ་དང་གསར་རྩོམ་བྱས་ནས་བོད་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་རྒྱལ་སྤྱིའི་ཁྲོམ་རར་ཁྱབ་གདལ་བཏང་ཡོད། མིག་སྔར་ཁྱིམ་རྒྱུད་ཀྱི“མཁྱེན་ལི་བཟོ་ཁང”དུ་ལག་ཤེས་པ་40ཙམ་ཡོད་པ་རེད།

    ཆ་སྙོམས་ས་བབ་མཐོ་ཚད་སྨི་3000ལས་བརྒལ་བའི་སི་ཁྲོན་ནུབ་རྒྱུད་ས་མཐོར་བོད་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་པ་མང་པོ་འདུས་ཤིང་། ཁོང་ཚོས་ཕ་ཡུལ་དུ་གཞི་ཚུགས་པ་དང་ཐོག་མའི་བསམ་འདུན་བརྟན་སྲུང་གིས་སྲོལ་རྒྱུན་ལག་རྩལ་ཉམས་ལེན་འབད་སྒྲུབ་དང་རྒྱུན་འཛིན་བྱས་དང་བྱེད་མུས་རེད། རྫ་ཆས་བཟོ་བ་དང་། ཁུ་ལུ་འཐག་པ། ཟངས་ཆས་རྡུང་བ། ཐང་ག་བཞེང་བ་སོགས་ཁྱད་དུ་འཕགས་པའི་བཟོ་རྩལ་ལས་ལག་ཤེས་བཟོ་རྩལ་གྱི་ཐོན་རྫས་དེ་དག་ལ་དམིགས་བསལ་གྱི་སྒྱུ་རྩལ་རིན་ཐང་བསྣན་ཡོད།

    ཉེ་བའི་ལོ་ཤས་རིང་། སི་ཁྲོན་ནུབ་རྒྱུད་ས་མཐོར་ལག་ཤེས་པ་ཚོས་རྒྱུན་ཆད་མེད་པར་རྙིང་འབུད་གསར་འདོན་བྱས་ནས་ཐོན་སྐྱེད་བྱས་པའི་ལག་ཤེས་བཟོ་རྩལ་གྱི་ཐོན་རྫས་དག་ས་མཐོ་ནས་རྒྱལ་ཁབ་ཕྱི་ནང་གི་ཁྲོམ་རར་རིམ་བཞིན་འདོན་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།