དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱི་གློག་བརྙན་གསར་རྩོམ་གྱི་འོས་སྦྱོར་བྱེད་སྒོ་སྤེལ་བ།

    གློག་བརྙན་ལ་བརྟེན་ནས་དུས་རབས་གསར་པའི་བོད་ལྗོངས་ཤེས་ཚོར་བྱེད་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-11-22

    ཟླ་11ཚེས་16ཉིན་ཀྲུང་གོའི་གློག་བརྙན་གྱི་གསེར་བྱའི་བྱ་དགའ་སྐབས་37པའི་བྱ་དགའ་སྤྲོད་པའི་མཛད་སྒོ་དང་2024ལོའི་ཀྲུང་གོའི་གསེར་བྱའི་མེ་ཏོག་སྣ་བརྒྱའི་གློག་བརྙན་དུས་ཆེན་གྱི་མཇུག་འགྲིལ་མཛད་སྒོ་ཧྥུའུ་ཅན་ཞ་མོན་གྲོང་ཁྱེར་དུ་འཚོགས་པ་རེད། གློག་བརྙན་དུས་ཆེན་རིང་ཆེད་མངགས་ཀྲུང་གོའི་གློག་བརྙན་མཁས་ཅན་མཐུན་ཚོགས་དང་། བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་གློག་བརྙན་སྒྱུ་རྩལ་ལྟེ་གནས། བོད་རང་སྐྱོང་ལྗོངས་གློག་བརྙན་ཅུས་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པའི“རི་འཛེག”བོད་ཀྱི་གློག་བརྙན་གསར་རྩོམ་གྱི་འོས་སྦྱོར་བྱེད་སྒོ་སྤེལ་བ་རེད།

    འོས་སྦྱོར་བྱེད་སྒོའི་གྲས་སུ་བོད་ཀྱི་གློག་བརྙན་འཕེལ་རྒྱས་ཀྱི་གཙོ་དོན་གྲོས་བསྡུར་དང་། གསར་རྩོམ་རྣམ་གྲངས་འོས་སྦྱོར། གློག་བརྙན་སྟོན་པ་སོགས་ཀྱི་བརྒྱུད་རིམ་ཚུད་ཡོད། རྒྱལ་ཡོངས་ཀྱི་གློག་བརྙན་ལས་རིགས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་དང་ལས་ཞུགས་པ་སོགས་མི་60ལྷག་ཙམ་གྱིས་བོད་ཀྱི་གློག་བརྙན་འཕེལ་རྒྱས་གསར་རྩོམ་གྱི་ལམ་བུར་མཉམ་དུ་དཔྱད་བསྡུར་བྱས་ཡོད།

    ད་ཐེངས་ཀྱི་བོད་ཀྱི་གློག་བརྙན་གསར་རྩོམ་གྱི་འོས་སྦྱོར་བྱེད་སྒོར་སྣ་མང་རང་བཞིན་དང་ཕུན་སུམ་ཚོགས་པའི་གློག་བརྙན་བརྗོད་བྱར་བྱས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་ཚུལ་མངོན་ཡོད། གློག་བརྙན་བརྩམས་ཆོས་རེ་རེ་ནས་ཕྱི་ཕྱོགས་ལ་དུས་རབས་གསར་པའི་བོད་ལྗོངས་ཤེས་ཚོར་བྱེད་པའི་སྒོ་མོ་ཕྱེ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།