དབུ་ཤོག
  • མོ་ཊའི་ཨང་གྲངས་རྩེ་གྲ་འདི་འདྲ་འདུག གོ་སྐབས་དམ་འཛིན་གནང་དང་།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2024-11-21

    གཉེར་སྐྱོང་མིན་པའི་རླངས་འཁོར་ཆུང་གྲས་དང་སྤྱོད་བདེའི་སྦག་སྦག་གི་འཁོར་རྟགས་འདོན་རྒྱུའི་སྐོར་གྱི་སྤྱི་བསྒྲགས།

    སྤྱི་བདེའི་འཁོར་རིགས་དོ་དམ་སྡེ་ཚན་གྱི“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་བྱེད་ཐབས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་བཏང་སྟེ། རྒྱ་ཆེའི་འཁོར་བདག་ཚོའི་འཁོར་རྟགས་འདེམས་པའི་དགོས་མཁོ་སྐོང་ཆེད། འཕྲུལ་སྒུལ་འཁོར་རིགས་ཀྱི་འཁོར་རྟགས་དོ་དམ་ལས་དོན་གྱི་གཏན་འབེབས་ལ་གཞིགས་ནས། གཞིས་རྩེ་གྲོང་ཁྱེར་སྤྱི་བདེའི་འཁོར་རིགས་དོ་དམ་སྡེ་ཚན་གྱིས་གཉེར་སྐྱོང་མིན་པའི་རླངས་འཁོར་ཆུང་གྲས་དང་སྤྱོད་བདེའི་སྦག་སྦག་གི་འཁོར་རྟགས་འདོན་རྒྱུ་ཡིན།

    གཅིག འཁོར་རྟགས།

    (གཅིག)སྤྱི་བདེའི་དྲ་བ་ནས་འདེམས་ཆོག་པའི་གཉེར་སྐྱོང་མིན་པའི་རླངས་འཁོར་ཆུང་གྲས་ཀྱི་འཁོར་རྟགས། བོད་D5@!!!

    (གཉིས)མཉམ་སྦྲེལ་དྲ་རྒྱ་ནས་འདེམས་ཆོག་པའི་གཉེར་སྐྱོང་མིན་པའི་རླངས་འཁོར་ཆུང་གྲས་ཀྱི་འཁོར་རྟགས། བོད་D9G!!! བོད་D9H!!! བོད་D9J!!! བོད་D9K!!! བོད་D9L!!! བོད་D9M!!! བོད་D9N!!! བོད་D9P!!! བོད་D9Q!!! བོད་D9R!!! བོད་D9S!!! བོད་D9T!!! བོད་D9U!!! བོད་D9V!!! བོད་D9W!!! བོད་D9X!!! བོད་D9Y!!! བོད་D9Z!!!

    (གསུམ)སྤྱོད་བདེའི་སྦག་སྦག བོད་DE!!!!

    གསལ་བཤད་ཞུ་རྒྱུར། !ཡིས་སྐབས་བསྟུན་གྱི་ཨ་རབ་ཀྱི་ཨང་ཀི(0-9)མཚོན་པ་དང་། @ཡིས་Oདང་Iཕུད་པའི་སྐབས་བསྟུན་གྱི་དབྱིན་ཡིག་མཚོན་གྱི་ཡོད།

    གཉིས། འཁོར་རྟགས་འདོན་པའི་དུས་ཚོད། 

    2024ལོའི་ཟླ་11ཚེས་25ཉིན(གཟའ་ཟླ་བ)གྱི་ཆུ་ཚོད་9དང་སྐར་མ་30

    གསུམ། འཁོར་རྟགས་འདེམས་སྟངས།

    མཉམ་སྦྲེལ་དྲ་རྒྱ་ནས་འཁོར་རྟགས་འདེམས་ཆོག་ཅིང་། དྲ་སྦྲེལ་གྱི་འགྲིམ་འགྲུལ་བདེ་འཇགས་ཕྱོགས་བསྡུས་ཞབས་ཞུའི་དོ་དམ་ལས་སྟེགས(http://XZ.122.gov.cn)སམ་ཡང་ན“འགྲིམ་འགྲུལ་དོ་དམ་གྱི་12123”ལག་ཐོགས་ཁ་པར་གྱི་appནས་འཁོར་རྟགས་སྔོན་ལ་འདེམས་དགོས། 

    སྤྱི་བདེའི་དྲ་བ་ནས་འཁོར་རྟགས་འདེམས་ཆོག་ཅིང་། གཞིས་རྩེ་གྲོང་ཁྱེར་འཁོར་རིགས་དོ་དམ་སུའོ་དང་ཞབས་ཞུའི་ས་ཚིགས་སུ་ཐོ་འགོད་བྱེད་པའམ་ཡང་ན་དེ་མཚུངས་ཀྱི་འཁོར་རིགས་ཐོ་བཀོད་ལས་སྒོ་གཉེར་སའི་རྫོང་རིམ་པའི་འཁོར་རིགས་དོ་དམ་སུའོ་རུ་བསྐྱོད་ནའང་འགྲིག 

    དམིགས་སུ་སྤྱི་བསྒྲགས་འདི་སྤེལ་བ་ཡིན།

    གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་ནས།

    2024ལོའི་ཟླ་11ཚེས་19ཉིན།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།