དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • 2024ལོའི་ལྗོངས་ཡོངས་ཀྱི་གླ་ཆ་འགྱངས་ཆད་བཅོས་སྒྲིག་གི་དགུན་དུས་བྱ་སྤྱོད་བཀོད་སྒྲིག་བརྙན་ལམ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-21

    ཚེས་19ཉིན། 2024ལོའི་ལྗོངས་ཡོངས་ཀྱི་གླ་ཆ་འགྱངས་ཆད་བཅོས་སྒྲིག་གི་དགུན་དུས་བྱ་སྤྱོད་བཀོད་སྒྲིག་བརྙན་ལམ་ཚོགས་འདུ་ལྷ་སར་འཚོགས་པ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་བསྟན་པ་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་རེད།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་གྱི་བླང་བྱའི་ཐོག་གཅིག་གྱུར་ཡོང་བ་བྱེད་དགོས། ཁུངས་སྣེ་གྲལ་བཤེར་ཞིབ་ཚགས་བྱས་ཏེ་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཉེན་ཁའི་མངོན་མེད་རྐྱེན་ངན་དང་གླ་ཆ་འགྱངས་ཆད་ཀྱི་ཁ་གྲངས་གནད་སྨིན་ངང་ཁོང་དུ་ཆུད་པར་བྱེད་དགོས། གནད་དོན་ཐག་གཅོད་ནན་པོ་བྱེད་པ་དང་། ཕྱོགས་བསྡུས་དབྱེ་ཞིབ། འབེན་གཏད་ཇུས་བསྟར་བཅས་བྱས་ཏེ་རང་ལྗོངས་ཀྱི་གླ་ཆ་འགྱངས་ཆད་བཅོས་སྒྲིག་ལས་དོན་གྱི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས། སློབ་གསོའི་ལས་དོན་དམ་འཛིན་ནན་པོ་བྱེད་པ་དང་སྲིད་ཇུས་དང་ཁྲིམས་སྲོལ་དྲིལ་བསྒྲགས་གསལ་འགྲེལ་ལས་དོན་ཤུགས་ཆེན་སྤེལ་ཏེ་ཞིང་པ་ལས་མིས་ཁྲིམས་ལུགས་ཀྱི་ཐབས་ལམ་བརྒྱུད་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་རྒྱུར་ཁྲིད་སྟོན་བྱེད་དགོས། འགན་འཁྲི་དོན་འཁྱོལ་ཏན་ཏིག་བྱེད་པ་དང་། འགན་འཁྲི་ཁག་བགོས་ལ་གཞིགས་པ། རང་འགན་གཙང་སྒྲུབ་ནན་ཏན་བྱེད་པ། གླ་ཆ་འགྱངས་ཆད་བཅོས་སྒྲིག་གི་ལོ་མཇུག་གི“འགག་སྒྲོལ་དམག་འཐབ”མཐའ་གཅིག་ཏུ་ཡག་པོ་རྒྱག་པ་བཅས་བྱས་ཏེ་རྒྱ་ཆེའི་ཞིང་པ་ལས་མི་གླ་ཆ་ལེན་ཐུབ་ནས་ཕ་ཡུལ་དུ་ལོག་སྟེ་ལོ་གསར་གཏོང་ཐུབ་པ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།