དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་སྨྱན་སྦྱོར་ཚོགས་པས་ཀྲེ་ཅང་ཀླད་ཆེན་བརྒྱུད་སྤེལ་ཚོཌ་པ་དང་མཉམ་དུ་མ་རྩ་མཉམ་འཇོག་ཀུང་སི་བཙུཌ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-21

    ཉེ་ཆར་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དང་ཀྲེ་ཅང་ཉིན་རེའི་ཚགས་པར་ཚགས་ལས་ཚོགས་པས་བོད་ལྗོངས་སྤྲིན་ཚོམ་ཚན་རྩལ་ཚད་ཡོད་ཀུང་སི་མཉམ་དུ་འཛུགས་རྒྱུའི་གན་རྒྱ་དངོས་སུ་བཞག་པ་རེད། ཀུང་སི་དེ་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་ཁོངས་གཏོགས་བོད་ལྗོངས་སྨྱན་སྦྱོར་ཚོགས་པ་དང་ཀྲེ་ཅང་ཉིན་རེའི་ཚགས་པར་ཚགས་ལས་ཚོགས་པའི་ཁོངས་གཏོགས་ཀྱི་ཀྲེ་ཅང་ཀླད་ཆེན་བརྒྱུད་སྤེལ་ཚན་རྩལ་ཀུང་སིས་གྲབས་འཛུགས་བྱས་ནས་བཙུགས་པ་ཞིག་ཡིན་པ་དང་། ལག་རྩལ་བོད་སྐྱོར་གྱི་རྣམ་པ་གསར་པ་ཐུན་མོང་ཐོག་གཏོད་རྒྱུར་གཞོལ་བཞིན་ཡོད་པ་རེད།

    ད་ཐེངས་ཀྱི་མ་རྩ་མཉམ་འཇོག་ཀུང་སི་བཙུགས་པ་དེ་ནི་གཙོ་རྒྱུན་སྨྱན་སྦྱོར་དབར་གྱི་ཞིང་ཆེན་སྒྲོལ་བའི་མཉམ་ལས་དང་ལེགས་ཆ་གསབ་རེས་ཀྱི་འཚོལ་ཞིབ་ཅིག་ཡིན་ལ་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་རིག་གནས་སྨྱན་སྦྱོར་ཟུང་འབྲེལ་བྱེད་པའི་གསར་གཏོད་བྱེད་སྟངས་ཤིག་ཀྱང་རེད།

    བོད་ལྗོངས་སྨྱན་སྦྱོར་ཚོགས་པ་ནི་རང་ལྗོངས་ཀྱི་རིག་གནས་སྒྲིག་སྲོལ་སྒྱུར་བཅོས་ཀྱི་ཚོད་ལྟའི་ཚན་པ་དང་པོ་དེ་ཡིན་ཞིང་། ད་ཐེངས་ཀྲེ་ཅང་ཀླད་ཆེན་བརྒྱུད་སྤེལ་ཚོགས་པ་དང་མ་རྩ་མཉམ་འཇོག་གིས་ཀུང་སི་བཙུགས་པ་ནི་བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་ཀྲེ་ཅང་ཞིང་ཨུད་དྲིལ་བསྒྲགས་པུའུ་ཡི་མཉམ་ལས་འཆར་འགོད་དོན་འཁྱོལ་བྱས་པའི་ཞིབ་ཕྲའི་གྲུབ་འབྲས་ཤིག་རེད། ཕྱོགས་གཉིས་པོས་གྲངས་འཛིན་རིག་གནས་བརྒྱུད་བསྒྲགས་ལས་སྟེགས་དང་རྒྱལ་སྤྱིའི་བརྒྱུད་བསྒྲགས་སོགས་ལས་སྒོའི་ཁྱབ་ཁོངས་སུ་མཉམ་ལས་བྱ་རྒྱུ་མ་ཟད། བོད་སྐད་ཀྱི་དཔེ་དབྱིབས་ཆེན་པོ་རིམ་བཞིན་འཛུགས་རྒྱ་ཆེ་རུ་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།