དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ད་ལོའི་དུས་ཚིགས་གསུམ་པའི་བར་རང་རྒྱལ་གྱི་མཚོ་ཐོག་རླུང་ཤུགས་གློག་ཁང་བསྐྲུན་ནས་གློག་ཆན་ཝ་ཁྲི་3910དྲ་སྦྲེལ་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-11-20

     གསར་འགོད་པས་2024ལོའི་མཚོ་ཐོག་རླུང་ཤུགས་གློག་ཁང་གི་དེང་རབས་ཐོན་ལས་འཁོར་འབྲེལ་གྱི་ཐུན་མོང་འཁོར་འབྲེལ་བྱ་སྤྱོད་ཚོགས་ཆེན་ཐོག་ནས་ཤེས་རྟོགས་བྱས་པར། 2024ལོའི་དུས་ཚིགས་གསུམ་པའི་བར་རང་རྒྱལ་གྱི་མཚོ་ཐོག་རླུང་ཤུགས་གློག་ཁང་བསྐྲུན་པ་དང་འབྲེལ་གློག་ཆན་ཝ་ཁྲི་3910དྲ་སྦྲེལ་བྱས་ནས། གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་ཏེ་གསར་སྤེལ་ཇུས་འགོད་དང་། ཐོན་སྐྱེད་བཟོ་སྐྲུན་ནས་ཨར་ལས་འཛུགས་སྐྲུན། བཀོལ་སྤྱོད་བདག་སྐྱོང་དོ་དམ་སོགས་ཅུང་ཆ་ཚང་བའི་མཚོ་ཐོག་རླུང་ཤུགས་གློག་ཁང་གི་ལག་རྩལ་འཁོར་འབྲེལ་དང་ཐོན་ལས་འཁོར་འབྲེལ་བརྟན་པོ་ཞིག་ཆགས་ཡོད་པ་རེད།

    མཚོ་ཐོག་རླུང་ཤུགས་གློག་ཁང་ནི་རླུང་ཤུགས་གློག་ཁང་གི་ལག་རྩལ་དང་རྒྱ་མཚོའི་ལས་གྲྭའི་ལག་རྩལ་མཉམ་འདྲེས་གཏིང་ཟབ་བྱེད་པའི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཤིག་རེད། ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱི་མཚོ་ཐོག་རླུང་ཤུགས་གློག་ཁང་གི་ཐོན་ལས་འཁོར་འབྲེལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་། འཕྲུལ་ཙུའུ་ཇུས་འགོད་བཟོ་སྐྲུན་མ་ལག་གཞི་རྩའི་ཆ་ནས་འཐུས་སྒོ་ཚང་དུ་ཕྱིན་པ། གློག་ཆེན་སྤེལ་རྒྱུག་གློག་གཏོང་མ་ལག་གི་ལག་རྩལ་བྱང་ཆུབ་པ། རླུང་དཔྱད་སྒྲིག་ཆས་གསར་པ་དང་ས་རྒྱུའི་ལས་གྲྭའི་རྩད་ཞིབ་ཐིག་ལེན་བྱ་ཐབས་སྤྱོད་རྒྱུར་ཚད་བརྒལ་གྱི་འཕེལ་རྒྱས་བྱུང་བ། རང་བརྟེན་རྣམ་པའི་མཚོ་ཐོག་རླུང་ཤུགས་གློག་ཁང་སྒྲིག་སྦྱོར་ལས་སྟེགས་རིམ་སྤོར་བྱུང་བ། བཀོལ་སྤྱོད་བདག་སྐྱོང་དོ་དམ་བྱེད་སྟངས་རིམ་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ། ལྟ་སྐུལ་ཚོད་འཛིན་དང་། གནམ་གཤིས་སྔོན་བརྡ། གྲུ་གཟིངས་བཀོལ་སྤྱོད་བདག་སྐྱོང་སོགས་རིག་ནུས་ཅན་གྱི་བཀོལ་སྤྱོད་བདག་སྐྱོང་ལག་རྩལ་རགས་ཙམ་བེད་སྤྱོད་ཐུབ་པ། མཚོ་ཐོག་རླུང་ཤུགས་གློག་ཁང་དང་རྒྱ་མཚོའི་འབྲོག་ར། འོད་ཤུགས་སོགས་མཉམ་འདྲེས་བྱས་ནས་ཚོད་ལྟའི་དཔེ་སྟོན་ཞིག་ཆགས་ཡོད། རང་རྒྱལ་གྱི་མཚོ་ཐོག་རླུང་ཤུགས་གློག་ཁང་གི་གློག་གཏོང་འཕྲུལ་འཁོར་ནས་གློག་གཏོང་ཚད་2018ལོའི་ཆན་ཝ་ཁྲི་500ཡང་མ་ཟིན་པ་ནས་2023ལོའི་ཆན་ཝ་ཁྲི་3770བར་འཕར་བ་དེས་གོ་ལ་ཧྲིལ་པོའི་གློག་གཏོང་ཚད་བསྡོམས་འབོར་གྱི་50%བཟུང་ནས་གོ་ལ་ཧྲིལ་པོའི་མཚོ་ཐོག་རླུང་ཤུགས་གློག་ཁང་གི་ཁྲོམ་ར་ཆེ་ཤོས་སུ་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།