དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་མཉམ་ལས་ཟབ་ཏུ་བཏང་སྟེ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་མི་དམངས་ལ་བདེ་སྐྱིད་སྐྲུན་དགོས།

    ——ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གཅིག་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་འཕེལ་རྒྱས་ལ་གདེང་ཚོད་དང

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-11-20

    “ལོ་རྒྱུས་ཀྱི་ལམ་མདོར་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་རྒྱལ་ཁབ་ཁག་གིས་འགན་འཁྲི་དེ་བས་ལྕི་བ་ཁུར་དགོས” ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་16ཉིན་གྱི་སྔ་དྲོར། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གཅིག་པ་ཕེ་རུའི་ལི་མ་གྲོས་ཚོགས་ལྟེ་གནས་སུ་འཚོགས་ཤིང་། ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་པ་དང་འབྲེལ《དུས་རབས་ཀྱི་འགན་འཁྲི་མཉམ་དུ་ཁུར་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་གནང་ནས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ་དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་འཕེལ་རྒྱས་ཀྱི་དུས་རབས་གསར་པ་ཧུར་ཐག་གཏོད་པར་ཀྲུང་གོའི་འདོད་ཚུལ་གསལ་བཤད་གནང་བ་རེད།

    འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་མཁན་རྒྱལ་སྤྱིའི་མི་སྣས། ཀྲུའུ་ཞི་ཞི་ཅིན་ཕིང་གིས“སྒོ་དབྱེ་མཉམ་འདྲེས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་མཉམ་ལས་རྣམ་པ་གཏོད་དགོས་པ”དང་། “ལྗང་མདོག་གསར་གཏོད་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་འཕར་ནུས་སྐྱེད་སྲིང་བྱེད་དགོས་པ” “ཀུན་ཕན་བསྟུན་མཁས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོར་འཛུགས་དགོས་པ”བཅས་ཀྱི་གྲོས་འགོ་གསུམ་བཏོན་གནང་ནས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་མཉམ་ལས་ལ་ཁ་ཕྱོགས་གསལ་སྟོན་དང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་འཕེལ་རྒྱས་ཀྱི“རྫོགས་ལྡན་ལོ་སུམ་ཅུ”ཕྱི་མ་གཏོད་པར་གདེང་ཚོད་དང་སྟོབས་ཤུགས་བསྣན་ཡོད་ཅེས་བརྗོད་པ་རེད།

    “མི་དེ་བས་མང་བར་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་མཉམ་ལས་ནི་གཉིས་ཁེ་གཉིས་ཕན་གྱི་བྱ་གཞག་རླབས་པོ་ཆེ་ཞིག་ཡིན་པ་མཐོང་དུ་བཅུག་ཡོད”

    ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས། ང་ཚོས་ཕྱོགས་མང་རིང་ལུགས་དང་སྒོ་དབྱེ་རྣམ་པའི་དཔལ་འབྱོར་གྱི་ཁ་ཕྱོགས་ཆེན་པོ་མཐའ་འཁྱོངས་བྱས་ནས་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱིས་ལྟེ་བར་བྱེད་པའི་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། གོ་ལ་ཧྲིལ་པོའི་དཔལ་འབྱོར་ཚོང་དོན་སྒྲིག་སྲོལ་གྱི“སྐྱེད་སྲིང་ཡོ་ཆས”ཡིན་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ནུས་པ་སྐུལ་སློང་གང་ལེགས་བྱེད་པ། ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་དང་ཕན་ཚུན་སྦྲེལ་མཐུད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ཚོང་དོན་དང་། མ་འཇོག ལག་རྩལ། ཞབས་ཞུ་བཅས་འཁོར་རྒྱུག་གི་འགོག་རྐྱེན་མེད་པར་བཟོ་བ། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་བརྟན་པོ་དང་ཤར་གཏོང་ཡོང་བར་སྲུང་སྐྱོང་བཅས་བྱས་ནས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་དང་འཛམ་གླིང་གི་དཔལ་འབྱོར་རྒྱུན་འཁོར་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

    “ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཅན་ལ་སྐུལ་འདེད་བརྟན་པོ་བཏང་ནས་སྒོ་དབྱེ་བསྟུན་མཁས་དང་། གསར་གཏོད་འཕར་སྣོན། ཕན་ཚུན་སྦྲེལ་མཐུད། མཉམ་ལས་གཉིས་ཕན་བཅས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་དར་སྤེལ་ཧུར་ཐག་གཏོང་གི་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལས་མི་དེ་བས་མང་བར་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་མཉམ་ལས་ནི་གཉིས་ཁེ་གཉིས་ཕན་གྱི་བྱ་གཞག་རླབས་པོ་ཆེ་ཞིག་ཡིན་པ་མཐོང་དུ་བཅུག་ཡོད། ཀྲུང་གོས་ཕྱོགས་མང་རིང་ལུགས་ངོ་མ་མཐའ་འཁྱོངས་བྱེད་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་བཏང་ནས་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ནུས་པ་གལ་ཆེན་བཏོན་ཡོད”ཅེས་ཀྲུང་གོར་བཅའ་སྡོད་ཕེ་རུའི་གཞུང་ཚབ་ཆེ་མོ་བ་ཟུར་པ་ཧུའུ་ཨན·ཁ་ལུའོ་སི·ཁ་ཕུའུ་ན་དབྱིས་བརྗོད་པ་རེད།

    མ་ལེ་ཞི་ཡའི“རྒྱུད་གཅིག་ལམ་གཅིག”ཨུ་ལྷན་གྱི་དྲུང་ཆེ་ལེང་ཀྲི་ཧྭ་ཡིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས“སྒོ་དབྱེ་མཉམ་འདྲེས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་མཉམ་ལས་རྣམ་པ་གཏོད་དགོས”ཞེས་བཏོན་གནང་བ་དེས་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་ཤར་གཏོང་དང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱེད་པར་ཕན་ཐོགས་ཡོད། “ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་རིམ་པ་མཐོ་ཤོས་དང་། ཁྱབ་རྒྱ་ཆེ་ཤོས། ཤུགས་རྐྱེན་ཆེ་ཤོས་བཅས་ཀྱི་དཔལ་འབྱོར་མཉམ་ལས་ལམ་སྲོལ་ཞིག་ཡིན་པའི་ངོས་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་ཕན་ཚུན་སྦྲེལ་མཐུད་དང་སྒོ་དབྱེ་མཉམ་ལས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད”ཅེས་བརྗོད་པ་རེད།

    “ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་དང་གོ་ལ་ཧྲིལ་པོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད”

    “ང་ཚོས་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་གོ་སྐབས་ལ་དམ་འཛིན་ནན་པོ་བྱས་ནས་མིས་བཟོས་རིག་ནུས་དང་། ཚད་རྡུལ་ཆ་འཕྲིན། ཚེ་སྲོག་བདེ་ཐང་སོགས་ཁྱབ་ཁོངས་གསར་ཤོས་ཀྱི་སྤེལ་རེས་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་སྒོ་དབྱེ་དང་། དྲང་གཞག གཞུང་དྲང་། མཐོང་ཆུང་མི་བྱེད་པ་བཅས་ཀྱི་གསར་གཏོད་ཁོར་ཡུག་ཅིག་བཏོད་དེ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་ཐོན་སྐྱེད་ནུས་ཤུགས་ཆེ་རུ་འགྲོ་བར་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་སྔོན་བསྟར་དང་། གྲོན་ཆུང་ལེགས་བསྡུས། ལྗང་མདོག་ཐཱན་ཉུང་བཅས་ཀྱི་འཕེལ་རྒྱས་མཐའ་འཁྱོངས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་བཏང་སྟེ། དྭངས་གཙང་དང་མཛེས་སྡུག་ལྡན་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་འཛུགས་སྐྲུན་བྱེད་དགོས། གྲངས་འཛིན་ཅན་དང་ལྗང་མདོག་ཅན་ཕྱོགས་སྒྱུར་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཤུགས་ཆེན་བཏང་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་ལེགས་ཆ་གསར་པ་གཏོད་དགོས”ཞེས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལྗང་མདོག་གསར་གཏོད་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་འཕར་ནུས་སྐྱེད་སྲིང་བྱེད་པར་ཀྲུང་གོའི་ཇུས་གཞི་བཏོན་གནང་ཡོད།

    ཨ་རིའི་ཉིའུ་གཡོད་ཀྲོའུ་འཛུགས་སློབ་ཆེན་པུའུ་ཧྥ་ལུའོ་ཡན་ལག་སློབ་གྲྭའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཧྥང་པི་ཡུན་གྱིས། ཀྲུང་གོ་ནི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་དཔལ་འབྱོར་སྒྲིག་གཞི་13གྱི་ཚོང་དོན་རོགས་ཟླ་ཆེ་ཤོས་ཡིན་ལ། ནུས་རྒྱུ་གཙང་མ་མཁོ་སྤྲོད་འཁོར་འབྲེལ་གྱི་རྒྱལ་ཁབ་གལ་ཆེ་ཤོས་ཀྱི་གྲས་ཤིག་ཀྱང་ཡིན་པས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་ནུས་རྒྱུ་ཕྱོགས་སྒྱུར་ཁྲོད་ནུས་པ་གལ་ཆེན་འདོན་བཞིན་ཡོད་ཅེས་བརྗོད་པ་རེད།

    “ཀྲུང་གོས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་མགྱོགས་མྱུར་གཏོང་བཞིན་ཡོད་པས། ཚན་རྩལ་གསར་གཏོད་དང་། གྲངས་གཞི་ཆེ་མོ། རིག་ནུས་ཟོག་འབྲེལ་དྲ་རྒྱ། ནུས་རྒྱུ་གཙང་མ་སོགས་ཀྱི་ཁྱབ་ཁོངས་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ཡོད། གྲངས་འཛིན་ཅན་ཕྱོགས་སྒྱུར་དང་ལྗང་མདོག་འཕེལ་རྒྱས་ཁྱབ་ཁོངས་ལ་ཀྲུང་གོ་དང་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད”ཅེས་མོ་ཞི་ཁོ་རྒྱལ་སྤྱིའི་ཆབ་སྲིད་རིགས་གཅིག་མཁས་ཅན་ཧེ་ལར་ཏུའོ·ཐོ་ལེ་སི·པར་ཏེ་སིས་གསར་གཏོད་དང་ལྗང་མདོག་སོགས་གསར་དར་ཁྱབ་ཁོངས་ཀྱི་ལ་ཏིང་མེ་གླིང་རྒྱལ་ཁབ་དང་ཀྲུང་གོའི་དབར་གྱི་མཉམ་ལས་མདུན་ལམ་ལ་ལྟ་སྟངས་ཡག་པོ་འཛིན་གྱི་ཡོད།

    “ཀྲུང་གོ་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་དཔལ་འབྱོར་ཀུན་ཕན་བསྟུན་མཁས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད”

    ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱིས་གྲོང་མིའི་ཡོང་འབབ་མང་དུ་གཏོང་བར་སྐུལ་འདེད་གཏོང་བ་དང་ཁེ་ལས་འབྲིང་ཆུང་གི་ཁྱུ་ཚོགས་རྣམ་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གྲོས་འགོ་བཏོན་ནས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་ཀུན་ཕན་བསྟུན་མཁས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀུན་ཕན་བསྟུན་མཁས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་འཕེལ་རྒྱས་འདུ་ཤེས་ལ་གདེང་འཇོག་ཡག་པོ་བྱས་ནས། ཀྲུང་གོས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་2026ལོའི་མགྲོན་བདག་རྒྱལ་ཁབ་ཀྱི་འགན་ཁུར་ནས་ཕྱོགས་ཁག་དང་མཉམ་དུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་མཉམ་ལས་ཟབ་ཏུ་བཏང་སྟེ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།

    ཀྲུང་གོ་སྲིད་གཞུང་གི་མཛའ་གྲོགས་བྱ་དགའ་ཐོབ་མཁན་ཝེ་ཁེ་ཏུའོ·ཨའོ་ཐཱ་སུའུ་ཡིས་ཀྲུང་གོས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་2026ལོའི་མགྲོན་བདག་རྒྱལ་ཁབ་ཀྱི་འགན་འཁུར་བ་འདི་ནི་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་འཕེལ་རྒྱས་ལ་ཕུལ་བའི་ལེགས་སྐྱེས་ལ་ཕྱོགས་ཁག་གིས་ཁས་ལེན་བྱས་པ་ཞིག་ཡིན་པའི་ངོས་འཛིན་བྱས་ཤིང་། ཁོང་གིས“ཉེ་བའི་ལོ་ཤས་རིང་། དཔལ་འབྱོར་དང་ལག་རྩལ་ཐད་ཀྲུང་གོར་འཕེལ་རྒྱས་མྱུར་པོ་བྱུང་བ་དང་། ཀྲུང་གོས་མུ་མཐུད་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་ཡོད”ཅེས་བརྗོད་པ་རེད།

    “ང་ཚོར་སའི་གོ་ལ་གཅིག་ལས་མེད་པ་དང་མིའི་རིགས་འཛམ་གླིང་གཅིག་ན་མཉམ་དུ་གནས་ཡོད། དེང་སྐབས་འཛམ་གླིང་ལ་འགྲན་སློང་མང་པོ་འཕྲད་མོད། འོན་ཀྱང་ཞི་བདེ་འཕེལ་རྒྱས་དང་མཉམ་ལས་གཉིས་ཁེ་ནི་སྔར་བཞིན་འཕེལ་ཕྱོགས་གཙོ་བོ་རེད། གླེང་མོལ་ལ་བརྟེན་ནས་འགལ་བ་སེལ་བ་དང་། ཐུན་མོང་ངོས་འཛིན་ཟབ་ཏུ་གཏོང་བ། མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ་བཅས་ནི་ཕྱོགས་ཁག་གི་ཐུན་མོང་གི་འགན་འཁྲི་ཡིན” ཐེ་ལན་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཟུར་པ་ཕོའོ་ཆིན·ཕེང་ལཱ་ཅུན་གྱིས། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་རྒྱལ་སྤྱིའི་མཉམ་ལས་དར་སྤེལ་བཏང་བ་དང་། ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་བ། གོ་ལ་ཧྲིལ་པོ་དང་ས་ཁོངས་མཉམ་ལས་རྩ་འཛུགས་མང་པོར་ཞུགས་པ་བཅས་བརྒྱུད་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་ཁྲོད་དེ་བས་གལ་འགངས་ཆེ་བའི་ནུས་པ་འདོན་བཞིན་ཡོད་ཅེས་བརྗོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།