དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཕེ་རུའི་མི་ཆོས་རིག་གནས་སྤེལ་རེས་ཀྱི་བྱེད་སྒོ་ལི་མར་སྤེལ་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-11-20

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ལི་མ་ནས་ཟླ་11ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་15ཉིན། ཀྲུང་གོ་དང་ཕེ་རུའི་མི་ཆོས་རིག་གནས་སྤེལ་རེས་ཀྱི་བྱེད་སྒོ་ལི་མར་སྤེལ་བ་རེད།

    བྱེད་སྒོ་སྤེལ་ཡུལ་དུ་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས“ཀྲུང་གོ་དང་ཕེ་རུའི་ཤེས་དཔལ་དཔྱད་གཞིར་འཛིན་རེས”ཀྱི་གྲུབ་འབྲས་རབ་དང་རིམ་པ་ཁྱབ་བསྒྲགས་བྱས་པའི་ནང་དངོས་མཚོན་དཔར་གཞི《ཀྲུང་གོ་དང་ཕེ་རུའི་བརྩེ་སེམས》དང《གྲོང་ཁྱེར་གཉིས་ཀྱི་གཏམ་རྒྱུད། པེ་ཅིང་དང་ལི་མ》སོགས་ཚུད་ཡོད་པ་རེད། ཀྲུང་གོ་དང་ཕེ་རུའི་འབྲེལ་ཡོད་ལས་ཁུངས་ཀྱིས་མཉམ་དུ་སྤེལ་བའི་ཕེ་རུའི་དམངས་ཚོགས་ཀྱིས་ཀྲུང་གོར་དགའ་ཚད་ཀྱི་དམངས་འདོད་བརྟག་དཔྱད་ཀྱི་མཇུག་འབྲས་ས་གནས་ས་ཐོག་ཏུ་ཁྱབ་བསྒྲགས་བྱས་པ་རེད། དེའི་ནང་བཅར་འདྲི་དང་ལེན་བྱེད་མཁན་91.5%ཡིས་ཀྲུང་གོ་ནི་ཡིད་དབང་འཕྲོག་ནུས་ལྡན་པའི་རྒྱལ་ཁབ་ཅིག་ཡིན་པའི་ངོས་འཛིན་བྱེད་པ་དང་བཅར་འདྲི་དང་ལེན་བྱེད་མཁན་86.3%གྱིས་ཀྲུང་གོ་ནི་ཕེ་རུའི་མཉམ་ལས་རོགས་ཟླ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

    བྱེད་སྒོ་དེ་ནི་ཀྲུང་གོ་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་། ཕེ་རུའི་ཙུང་ཐུང་ལས་ཤག་འཐབ་ཇུས་ཁྱབ་སྤེལ་དང་གསར་འགྱུར་དྲུང་ཡིག་གཞུང་ལས་ཁང་། དེ་བཞིན་ཕེ་རུའི་རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་ཚོགས་པ་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་དང་ཕེ་རུའི་ལས་རིགས་ཁག་གི་མི་སྣ་200ལྷག་ཙམ་བྱེད་སྒོར་ཞུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།