དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ལོ་སིའི་ལྕགས་ལམ་གྱི་ལོ་སིའི་དུམ་བུར་ཉིན་གཅིག་ལ་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ཀྱི་ཟིན་ཐོ་གསར་པ་བཏོད་པ།

  • ཡོང་ཁུངས།  མི་དམངས་ཉིིན་རེའི་ཚགས་པར།   |     སྤེལ་དུས།  2024-11-20

    ཝན་ཐེན་ནས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ་12ཚེས་3ཉིན་ནི་ཀྲུང་གོ་དང་ལོ་སིའི་ལྕགས་ལམ་ཤར་གཏོང་ཐུབ་ནས་ལོ་3འཁོར་བའི་ལོ་ཡིན་ཞིང་། གསར་འགོད་པས་ལོ་ཀྲུང་ལྕགས་ལམ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱས་པ་ལྟར་ན། ཀྲུང་གོ་དང་ལོ་སིའི་ལྕགས་ལམ་གྱི་ལོ་སིའི་དུམ་བུར་འགྲུལ་རྒྱུན་ཧ་ཅང་ཆེ་བ་དང་། ཟླ་11ཚེས་17ཉིན་ཁོ་ནར་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ཀྱི་ཟིན་ཐོ་གསར་པ་བཏོད་དེ་མི་ཐེངས་14912ཟིན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོ་དང་ལོ་སིའི་ལྕགས་ལམ་གྱི་ལོ་སིའི་དུམ་བུ་ཤར་གཏོང་ཐུབ་ནས་གཉེར་སྐྱོང་བྱས་ཚུན་རིམ་རྩིས་བརྒྱབ་ན། འགྲུལ་པ་མི་ཐེངས་ཁྲི་721.4སྐྱེལ་འདྲེན་བྱས་པ་དང་། ས་ཁོངས་སྒྲོལ་བའི་དངོས་ཟོག་དབོར་འདྲེན་བྱེད་ཚད་ཏུན་ཁྲི་1050.84ལས་བརྒལ་ནས་ལོ་སི་དང་ཐ་ན་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་གལ་ཆེན་བསྣན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།