དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱིས་འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་གློག་འདྲེན་སྐུད་ལམ་གྱི་གློག་རྒྱུན་མི་གཅོད་པར་ལས་ཀ་བྱེད་ཐེངས་དང་པོ་ལེཌ་གྲུབ་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-11-20

    གསར་འགོད་པར་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ནས་ཤེས་རྟོགས་བྱུང་བར། ཉིན་ཤས་གོང་། ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་ཁོངས་སུ་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀྱིས་ལས་དོན་ཚོགས་པ་སྒྲིག་འཛུགས་བྱས་ནས་ས་བབ་མཐོ་ཚད་སྨི་4450ཟིན་སའི་ཆན་ཧྥུའུ་220ཡི་ཁང་སྨད་སྐུད་ལམ་གྱི་ལས་སྒྲུབ་བྱ་ཡུལ་དུ་འཛམ་གླིང་གི་ས་བབ་མཐོ་ཤོས་ཡིན་པའི་གློག་འདྲེན་སྐུད་ལམ་གྱི་གློག་རྒྱུན་མི་གཅོད་པར་ལས་ཀ་ཐེངས་དང་པོ་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཆན་ཧྥུའུ་220ཡི་ཁང་སྨད་སྐུད་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་203ཙམ་ཡོད་ལ་ཆ་སྙོམས་ས་བབ་མཐོ་ཚད་སྨི་4000ཡན་ཟིན་ཡོད། དེ་ནི་གློག་ཤུགས་མཁོ་འདོན་འགན་ལེན་དང་ནུས་རྒྱུ་གཙང་མ་འདྲེན་སྤྱོད་བྱེད་པའི་གློག་འདྲེན་སྐུད་ལམ་གལ་ཆེན་ཞིག་རེད། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀྱིས་ཐེངས་འདིར་གློག་རྒྱུན་མི་གཅོད་པར་ལས་ཀ་བྱས་ནས་གློག་འདྲེན་སྐུད་ལམ་སྐྱོན་སེལ་སོགས་ཀྱི་ལས་དོན་སྤེལ་བ་དེས་གློག་ཤུགས་སྤྱོད་དུད་དང་གློག་གཏོང་ཁེ་ལས་ཀྱི་ཐོབ་སྣང་དང་བློ་ཡིད་ཚིམ་ཚད་ཆེ་རུ་ནུས་ལྡན་བཏང་བས། ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང“ཐཱན་གཉིས”ཀྱི་དམིགས་ཚད་མངོན་འགྱུར་ཡོང་བར་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།

    དུས་ཡུན་རིང་པོའི་ནང་། ས་བབ་མཐོ་སའི་གློག་རྒྱུན་མི་གཅོད་པར་ལས་ཀ་བྱེད་པར་ལག་རྩལ་རྙོག་འཛིང་ཆེ་བ་དང་། ལས་སྒྲུབ་ཉེན་ཁ་ཆེ་བ། གཏན་འཁེལ་མེད་པའི་རྒྱུ་རྐྱེན་མང་བ་སོགས་ཀྱི་དཀའ་ངལ་འཕྲད་ཡོད། ཐེངས་འདིའི་ས་བབ་མཐོ་སའི་གློག་རྒྱུན་མི་གཅོད་པའི་ལས་ཀ་ལེགས་སྒྲུབ་ཐུབ་པའི་འགན་ལེན་བྱ་ཆེད། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀྱིས་དུས་འགོའི་རིགས་པས་ཁུངས་སྐྱེལ་ཡང་ཡང་བྱས་ནས་ཞིབ་འཇུག་དང་ཚོད་ལྟའི་གྲུབ་འབྲས་འབོར་ཆེན་གྱི་རྨང་གཞིའི་ཐོག་ལས་སྒྲུབ་ཡོ་བྱད་དང་འགོག་སྲུང་སྒྲིག་ཆས་ཀྱི་དཔྱད་གྲངས་བཟོ་བཅོས་བརྒྱབ་མཐར་ཐེངས་འདིའི་ས་བབ་མཐོ་སའི་གློག་འདྲེན་སྐུད་ལམ་གྱི་གློག་རྒྱུན་མི་གཅོད་པའི་ལས་ཀ་བདེ་འཇགས་དང་ནུས་ཆེའི་སྒོ་ནས་ལེགས་གྲུབ་བྱུང་བ་ལས་ས་བབ་མཐོ་ཁུལ་དུ་ལས་དོན་འདིའི་རིགས་སྔར་བས་ཡག་པོ་སྤེལ་བར་ཉམས་མྱོང་རྩ་ཆེན་བསགས་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།