དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • སི་ཁྲོན་ནུབ་རྒྱུད་ཀྱི“སྦས་ལུང”དུ་གྲགས་པའི་འདབ་པའི་ཉི་སྟེང་ལ་ཆས་པ།

    ​ས་གཙང་ཞིང་ཡུལ་ལྗོངས་རི་མོ་ལྟར་དུ་མཛེས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའིི་ཚགས་པར།   |     སྤེལ་དུས།  2024-11-20

    1928ལོར་ཨ་རིའི་སྐྱེ་དངོས་རིག་པ་བ་དང་མྱུལ་དཔྱད་པ་གཡོད་·སེ་ཧྥུའུ་·ལོ་ཁེ་འདབ་པའི་ཉི་སྟེང་ས་ཆར་མྱུལ་དཔྱད་བྱེད་སྐབས། གངས་རིའི་འདབས་ཀྱི་མཚོ་མགོ་དགོན་པར་བསྡད་ཅིང་། རང་རྒྱལ་ཁབ་ཏུ་ཕྱིར་ལོག་རྗེས་ཁོང་གིས་ཨ་རིའི《རྒྱལ་ཁབ་ཀྱི་ས་གཤིས་དུས་དེབ》ཏུ་རྩོམ་ཡིག་སྤེལ་བ་དང་བླངས་པའི་པར་དག་བཀོད་ནས་འདབ་པའི་ཉི་སྟེང་འཛམ་གླིང་ཡོངས་ལ་ཐེངས་དང་པོ་ངོ་སྤྲོད་བྱས་པ་དེས་འཛམ་གླིང་གི་རྒྱལ་ཁབ་ཁག་གི་མྱུལ་དཔྱད་པ་དང་ཡུལ་སྐོར་བ་འགྲོ་འདོད་ཆེན་པོ་བྱེད་པའི་གནས་ཤིག་ཏུ་གྱུར།

    “ཉི་སྟེང་ནི་ད་བར་རང་རྒྱལ་གྱི་ཉར་ཚགས་ཆ་ཚང་ཤོས་དང་ཆེས་གདོད་མའི་རི་མཐོའི་རང་བྱུང་སྐྱེ་ཁམས་མ་ལག་དང་དངོས་རིགས་ཀྱི་གཞི་རྒྱུའི་མཛོད་ཅིག་ཡིན”ཞེས་འདབ་པ་རྫོང་རིག་གནས་དང་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་རྣམ་རྒྱལ་གྱིས་ངོ་སྤྲོད་བྱས་ཤིང་། ཁོང་གིས་འདབ་པའི་ཉི་སྟེང་ལ་ས་ཁུལ་མང་པོར་མཐོང་དཀོན་པའི་ས་དུས་བཞི་པ་ཚུན(ད་བར་ལོ་ཁྲི་250ཟིན་པ)གྱི་སྲོག་ཆགས་དང་། རྩི་ཤིང་། འབུ་སྲིན་སོགས་ཀྱི་འགྱུར་རྡོ་རྩ་ཆེན་ཡོད་ཅིང་། བསྡོམས་རྩིས་ལ་གཞིགས་ན། ས་ཁོངས་སུ་མཐོ་རིམ་རྩི་ཤིང་རིགས་1332རྙེད་པ་ལས་རྒྱལ་ཁབ་རིམ་པའི་སྲུང་སྐྱོང་རྩི་ཤིང་རིགས་1དང་། རྒྱལ་ཁབ་རིམ་པ་གཉིས་པའི་སྲུང་སྐྱོབ་རྩི་ཤིང་རིགས་20ཡོད། དེའི་ནང་མཐོ་གྲང་དུ་སྐྱེ་བའི་ཆུ་སྒོག་དང་། འོལ་མོ་སེ། ཨ་བི་ཁ། བྱ་རྒོད་སུག་པ་སོགས་ཚུད་ཡོད། ད་ལྟ་འཚོལ་རྙེད་ཐུབ་པའི་སྲོག་ཆགས་རིགས་463ཡོད་པ་ལས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་རིགས་13དང་། རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་རིགས་51ཡོད་པའི་ནང་གསའ་དང་། གཟིག་ཁྲ་ཐིག་ཅན། མགྲིན་སེར་དེ་ཕོ། ཤྭ་བ་སེར་ཆེན། གནའ་བ་སོགས་ཡོད།

    2022ལོར་སི་ཁྲོན་གྱིས་ཉི་སྟེང་གྲོང་ཚོར་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོབ་སླར་གསོའི་ལས་གྲྭ་སྤེལ་འགོ་བརྩམས་ཤིང་། ཉི་སྟེང་གི་ཁྱད་ཆོས་ཟབ་མོ་ལྡན་པའི“བོད་ཁང་ནག་པོར”སྲིད་གཞུང་གིས“སྔར་ཡོད་རྣམ་པ་སོར་འཇོག་གི”འདུ་ཤེས་ལ་བརྟེན་ནས“ཐེ་ཞུགས་དེ་ཙམ་མི་བྱེད་པར་གདོད་མའི་སྲོལ་རྒྱུན་རྣམ་པ་སླར་གསོ་ཡོང་བ”རྩ་དོན་དུ་བཟུང་སྟེ་ཉི་སྟེང་གྲོང་ཚོའི་ཡུལ་མིའི་སྡོད་ཁང་གི་ཕྱིའི་བཀོད་པ་གཅིག་གྱུར་བཟོས་ལ་ས་ཁོངས་དང་རིགས་ཕྱེ་ནས་ཉམས་བཟོའང་བྱས་པ་རེད། “བཅོས་མིན་རང་བཞིན་ལྡན་པའི”བྱེད་སྟངས་ལྟར་ཐུར་ཆེ་ཆུང་དང་ཉི་འོད་འཕྲོ་ཤུགས་མི་གཅིག་པའི་རི་ལྡེབས་སུ་རང་རང་གི་ས་ཆར་འཚམ་པའི་རྩི་ཤིང་དང་སྡོང་ཐུང་བཏབ་སྟེ་སྐྱེ་ཁམས་སླར་གསོ་དང་སྦྲགས་གྲོང་ཚོས་ད་དུང་ཡུལ་མི་སྒྲིག་འཛུགས་བྱས་ནས་ཞིང་ཁ་བསྐྱར་སྦོལ་དང་རྣང་མ་གས་སྲུབས་ཤོར་བ་བཟོས་ཡོད།

    “ང་ཚོས་ཟླ་བ་ལྔ་ཡི་རིང་མུའུ་ཁྲི་398ཀྱི་སར་ཤིང་འཛུགས་སྔོ་འགྱུར་དང་གཞུང་ལམ་སྤྱི་ལེ་བཅུ་ལྷག་ཙམ་གྱི་གཞོགས་གཉིས་སུ་སྐྱེ་ཁམས་སླར་གསོ་བྱས་ནས་སྡོང་ཕྲུག་ཁྲི་བཅུ་ལྷག་ཙམ་བཏབ་ཡོད”ཅེས་ཀྲུང་གོ་འཛུགས་སྐྲུན་ཅུས་བརྒྱད་པའི་ཉི་སྟེང་གྲོང་ཚོའི་སྲུང་སྐྱོབ་སླར་གསོའི་རྣམ་གྲངས་ལས་གྲྭའི་ལག་རྩལ་ཆེ་མོ་བ་ཡའོ་ཤིན་རུའེ་ཡིས་ངོ་སྤྲོད་བྱས།

    ད་ཆ་ཉི་སྟེང་གྲོང་ཚོར་སྐྱོད་སྐབས། མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི“བོད་ཁང་ནག་པོ”རི་སྐེད་དུ་སྟར་པ་རེ་རེ་བཞིན་ཚར་དུ་དངར་བར་ཆགས་ཡོད་ཅིང་། གྲོང་ཚོས་མཛེས་ལྗོངས་ཁུལ་ལ་བརྟེན་པ་ལས་གསོལ་མགྲོན་ཁང་དང་། དམངས་སྲོལ་གནས་ཚང་། བཟའ་བཏུང་ཁང་། རི་མོ་ཁང་། ཤམ་བྷ་ལའི་རིག་གནས་རྟེན་རྫས་བཤམས་མཛོད་ཁང་སོགས་ཀྱི་ལས་རྣམ་གསར་པ་ཡང་ངོའི་ཟླ་བཞིན་འཕེལ་རྒྱས་བྱུང་ལ། གསོ་རླུང་ཁ་ཐོར་དང་གཅིག་སྡུད་མཁོ་སྤྲོད་སོགས་ཀྱི་དེང་རབས་ཅན་གྱི་སྒྲིག་བཀོད་གང་དགོས་འཛོམས་ཡོད། “དེ་སྔོན་དབྱར་ཁར་མ་གཏོགས་ཡུལ་སྐོར་གྱི་ཚོང་རྒྱག་མི་ཐུབ་ཀྱང་ད་ཆ་གསོ་རླུང་དང་དྲོད་རླངས་ཀྱི་དཀའ་ངལ་ཐག་གཅོད་བྱས་པས་ལོ་གཅིག་དུས་བཞིར་ཡུལ་སྐོར་བར་སྣེ་ལེན་ཞུས་ནས་ཡོང་སྒོ་འགན་ལེན་ཐུབ་ཀྱི་འདུག”ཅེས་ཉི་སྟེང་གྲོང་གི་གྲོང་ཚོའི་ལས་བྱེད་པ་བསོད་ནམས་ཚེ་རིང་གིས་གསར་འགོད་པར་བཤད་བྱུང་།

    རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་སོང་བ་དེས་ཉི་སྟེང་གྲོང་ཚོའི་ཡུལ་སྐོར་ཞབས་ཞུའི་སྤུས་ཚད་ཧ་ཅང་ལེགས་སུ་ཕྱིན་ཡོད། 2023ལོར་འདབ་པའི་ཉི་སྟེང་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་100ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་། ཡུལ་མི་སྔར་ལས་མང་བ་ཡུལ་སྐོར་ལས་རིགས་ལ་ཞུགས་པ་ལས་དབྱངས་ཅན་ནི་ཁོང་ཚོའི་ཁྲོད་ཀྱི་གྲས་ཤིག་ཡིན།

    “ངར་བྱུང་བའི་མྱོང་ཚོར་ཟབ་ཤོས་ནི། མཛེས་ལྗོངས་ཁུལ་གྱི་སྒྲིག་བཀོད་ལེགས་སུ་ཕྱིན་པ་དང་སྣེ་ལེན་ཞུ་ཚད་རིམ་པས་ལེགས་སུ་ཕྱིན་པ་ལས་ངའི་ཡོང་འབབ་ཀྱང་ལོ་རེ་བཞིན་མང་དུ་ཕྱིན་སོང”ཞེས་དབྱངས་ཅན་གྱིས་བཤད་ཅིང་། ཁོང་གིས་ད་ལོ་ང་རང་འདབ་པའི་ཉི་སྟེང་ལ་སྣེ་ཤན་པ་བྱས་ནས་ལོ་11འགྲོ་གི་འདུག་པས། ཡུལ་སྐོར་བ་སྔར་ལས་མང་བ་ཕ་ཡུལ་གྱི་གངས་ལྗོངས་ས་མཐོའི་ཞི་མཐུན་དང་བབ་ཆགས་ཀྱི་མཛེས་སྡུག་ལོངས་སུ་སྤྱོད་པར་འོང་བའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད།

    (ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་11ཚེས་18ཉིན་གློག་འཕྲིན་འབྱོར་བ་གཞིར་བཟུང)

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།