དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་སྲིད་གཞུང་གི་དེ་སྔའི་ཏང་ཙུའི་ཁོངས་མི་ཧྲི་ཀྲང་གཞོན་པ་ཝུའེ་ཁྲེང་ཡུས་ཀྱིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་གི་སྐྱིད་སྡུག་དང་གཞུང་གི་ལས་གནས་ནས་ཕུད་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-11-20

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། མཚོ་སྔོན་ཞིང་ཆེན་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་བརྡ་ཁྱབ་བཏང་ནས་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་སྲིད་གཞུང་གི་དེ་སྔའི་ཏང་ཙུའི་ཁོངས་མི་ཧྲི་ཀྲང་གཞོན་པ་ཝུའེ་ཁྲེང་ཡུས་ཀྱིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་གི་སྐྱིད་སྡུག་དང་གཞུང་གི་ལས་གནས་ནས་ཕུད་ཡོད།

    ཀྲུང་གུང་མཚོ་སྔོན་ཞིང་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། མཚོ་སྔོན་ཞིང་ཆེན་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་མཚོ་ཤར་གྲོང་ཁྱེར་སྲིད་གཞུང་གི་དེ་སྔའི་ཏང་ཙུའི་ཁོངས་མི་ཧྲི་ཀྲང་གཞོན་པ་ཝུའེ་ཁྲེང་ཡུས་ཀྱི་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་གནད་དོན་གྱོད་ཁོངས་སུ་བཅུག་ནས་ཞིབ་བཤེར་དང་བརྟག་དཔྱད་བྱས་པ་རེད། བརྟག་དཔྱད་བྱས་པ་བརྒྱུད། ཝུའེ་ཁྲེང་ཡུས་ཀྱི་ཕུགས་བསམ་དང་དད་སེམས་ཉམས་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་རྒྱབ་ཏུ་སྐྱུར་བ་དང་། དབང་ཆའི་ལྟ་བ་འཛོལ་བ། ཚོང་པའི་སྦྱིན་བདག་དང་ལྐོག་འབྲེལ་བྱས་པ། མི་གཞན་བརྒྱུད་ནས་དཔོན་གནས་ཞུ་འཚང་བྱས་པ། ཏང་ལ་ལྷག་བསམ་རྣམ་དག་དང་དྲང་པོ་མ་བྱས་པ། མ་རུང་ཁོག་ངན་བཅངས་ནས་རྩ་འཛུགས་ཀྱི་ཞིབ་བཤེར་ལ་ཁ་གཏད་བཅག་པ་མ་ཟད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སྣང་མེད་དུ་བཏང་ནས་གཏན་འབེབས་དང་འགལ་ཏེ་ལག་རྟགས་དང་འབུལ་རྟེན་བླངས་པ་དང་། གཞུང་དོན་དྲང་གཞག་སྒྲུབ་པར་གནོད་པའི་གསོལ་སྟོན་དང་ལེན་བྱས་པ། རྒྱས་སྤྲོས་སྐྱིད་འདོད་དང་། ཁྱིམ་མི་ངན་ལང་དུ་བཏང་བ། སྒེར་གཉེར་ཁེ་ལས་བདག་པོའི་རྒྱས་སྤྲོས་རླངས་འཁོར་ཡུན་རིང་གཡར་ནས་རང་ཉིད་དང་ཁྱིམ་མིར་སྤྱད་པ། རྩ་འཛུགས་ཀྱི་རྩ་དོན་དང་རྒྱབ་འགལ་བྱས་ནས་གཏན་འབེབས་ལྟར་མི་སྒེར་གྱི་འབྲེལ་ཡོད་དོན་དག་སྙན་སེང་མ་ཞུས་པ། རྩ་འཛུགས་ཀྱིས་འཕྲིན་བརྒྱུད་འདྲི་རྩད་བྱེད་སྐབས་གནད་དོན་ཇི་མ་ཇི་བཞིན་གསལ་བཤད་མ་བྱས་པ། གཏན་འབེབས་དང་འགལ་ནས་ཁེ་གཉེར་གྱི་བྱེད་སྒོ་སྤེལ་ཏེ་སྤྱི་དོན་དབང་ཆ་དེ་རྒྱུ་ནོར་བསྡུ་ལེན་དང་ལྐོག་རྔན་ལེན་བྱེད་ཀྱི་ལག་ཆར་བརྩིས་པ། གོ་གནས་ཀྱི་སྟབས་བདེ་སྤྱད་དེ་མི་གཞན་ལ་ཁེ་ལས་གཉེར་སྐྱོང་དང་ལས་གྲྭའི་རྣམ་གྲངས་འགན་ལེན་སོགས་ཀྱི་ཐད་ཁེ་ཕན་བསྒྲུབས་པ་མ་ཟད། ཁྲིམས་དང་མ་མཐུན་པར་རྒྱུ་དངོས་འབོར་ཆེན་བླངས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།