དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཆབ་མདོ་གྲོང་ཁྱེར་གྱིས།

    གྲོང་གསེབ་མཉམ་སྡེབ་ཀྱི“མ་རྩ་གསུམ”གྱི་ལྟ་འདོམས་ལས་སྟེགས་ཀྱི་གྲངས་གཞིའི་རེའུ་མིག་རྒྱོང་བའི་དྲ་ཐོག་གསོ་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-20

    མིག་སྔའི་གྲོང་ཚོའི་མཉམ་སྡེབ་ཀྱི“མ་རྩ་གསུམ”གྱི་ལྟ་འདོམས་ཁྲོད་ལྷག་པའི་གནད་དོན་མངོན་གསལ་དོད་པོ་ཐག་གཅོད་ནུས་ལྡན་བྱས་ནས་གཞི་རིམ་གྱི་ནོར་དོན་དོ་དམ་གྱི་ཆུ་ཚད་མཐོ་རུ་བཏང་སྟེ་གྲོང་གསེབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྐྱོན་བྲལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། ཉེ་ཆར། ཆབ་མདོ་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་ཀྱིས་སི་ཁྲོན་གྱི་ཝང་གོ་ཆ་འཕྲིན་ལག་རྩལ་ཚད་ཡོད་ཀུང་སིའི་ལས་དོན་པ་གདན་དྲངས་ཏེ་གྲོང་གསེབ་མཉམ་སྡེབ་ཀྱི“མ་རྩ་གསུམ”གྱི་ལྟ་འདོམས་ལས་སྟེགས་ཀྱི་གྲངས་གཞིའི་རེའུ་མིག་རྒྱོང་བའི་དྲ་ཐོག་གསོ་སྦྱོང་བྱས་པ་རེད།

    ད་ཐེངས་ཀྱི་གསོ་སྦྱོང་དེ་དྲ་ཐོག་ལས་སྟེགས་བརྒྱུད། ཐོན་ཁུངས་ནུས་ཆེ་མཉམ་སྤྱོད་ཐུབ་པ་བྱས་པས་གསོ་སྦྱོང་དེ་གྲོང་ཁྱེར་ཡོངས་ཀྱི་རྫོང་དང་ཆུས་11གི་ཤང(གྲོང་རྡལ)131དང་གྲོང་ཚོ(གྲོང་ལྷན)1107གྱི་ནོར་དོན་མི་སྣར་ཁྱབ་ཐུབ་ཡོད། གསོ་སྦྱོང་དེ་དྲ་ཐོག་ནས་སློབ་ཚན་འཁྲིད་པ་དང་དོན་དངོས་བཀོལ་སྤྱོད་ཟུང་དུ་འབྲེལ་བའི་བྱེད་སྟངས་བརྒྱུད། པར་གཞི་གསར་པའི་གྲོང་གསེབ་མཉམ་སྡེབ་ཀྱི“མ་རྩ་གསུམ”གྱི་ལྟ་འདོམས་ནོར་དོན་མ་ལག་གི་བྱེད་ནུས་དཔེ་དབྱིབས་དང་། བཀོལ་སྤྱོད་བརྒྱུད་རིམ། དོ་སྣང་བྱེད་དགོས་པའི་དོན་གནད་བཅས་གསལ་འགྲེལ་ཞིབ་ཕྲ་བྱས་པ་དང་དུས་མཚུངས། ཕན་ཚུན་མཉམ་འགུལ་གྱི་ལྷུ་ཚིགས་བཀོད་སྒྲིག་བྱས་ཏེ་སློབ་ཁྲིད་དགེ་རྒན་གྱིས་ས་གནས་ས་ཐོག་ཏུ་དོན་དངོས་བཀོལ་སྤྱོད་ཁྲོད་འཕྲད་པའི་གསོ་སྦྱོང་ནང་ཞུགས་མཁན་གྱི་གནད་དོན་ལ་ལན་བཏབ་སྟེ་ཤེས་བྱ་མཉམ་སྤྱོད་དང་ཉམས་མྱོང་སྤེལ་རེས་ལ་སྐུལ་འདེད་བཏང་ཡོད། གསོ་སྦྱོང་ནང་ཞུགས་མཁན་ཚོས་གསོ་སྦྱོང་བྱས་པ་བརྒྱུད། གྲོང་གསེབ་མཉམ་སྡེབ་ཀྱི“མ་རྩ་གསུམ”གྱི་དོ་དམ་སྲིད་ཇུས་དང་ཁྲིམས་སྲོལ་ལ་གོ་བ་གཏིང་ཟབ་ལོན་པ་མ་ཟད། བཀོལ་སྤྱོད་རྩལ་ནུས་དང་དོ་དམ་བྱ་ཐབས་དེ་བས་མང་བ་ཤེས་བྱུང་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།