དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྣེ་གདོང་ཆུས་ཀྱིས་མཛེས་ལྗོངས་ཁུལ་གྱི་འགྲེལ་བཤད་པའི་གསོ་སྦྱོང་འཛིན་གྲྭ་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-20

    ཉིན་ཤས་གོང་། སྣེ་གདོང་ཆུས་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་གཙོ་གཉེར་བྱས་པའི་མཛེས་ལྗོངས་ཁུལ་གྱི་འགྲེལ་བཤད་པའི་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་ཤིང་། ད་ཐེངས་གསོ་སྦྱོང་གི་དམིགས་ཡུལ་ནི་ལས་སྒོ་བྱང་ཆུབ་པ་དང་ཞབས་ཞུ་ལེགས་པའི་འགྲེལ་བཤད་པའི་དཔུང་ཁག་ཁག་གཅིག་གསོ་སྐྱོང་བྱས་ནས། སྡེ་གདོང་ཆུས་ཀྱི་རིག་གནས་དང་ཡུལ་སྐོར་བྱ་གཞག་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པར་རྨང་གཞི་བརྟན་པོ་འདིང་ཆེད་རེད།

    ད་ཐེངས་གསོ་སྦྱོང་ལ་ལྗོངས་ནང་ཁུལ་གྱི་སྐད་གྲགས་ཡོད་པའི་རིགས་གཅིག་མཁས་ཅན་དང་བསླབ་པ་རྒན་གྲས་དམིགས་བསལ་གདན་ཞུ་བྱས་ཤིང་། སློབ་ཁྲིད་ནང་དོན་ཕུན་སུམ་ཚོགས་པོ་ཡོད་པ་སྟེ། སྣེ་གདོང་གི་ལོ་རྒྱུས་ཡུན་རིང་ལྡན་པའི་རིག་གནས་རྒྱབ་ལྗོངས་ཀྱི་ངོ་སྤྲོད་ཡོད་པ་མ་ཟད། ཡུལ་སྐོར་གྱི་རྨང་གཞིའི་ཤེས་བྱ་དང་། སྐད་ཡིག་སྒྱུ་རྩལ། འབྲེལ་མཐུད་བྱེད་ཐབས་སོགས་ཀྱི་ནང་དོན་ཡང་ཡོད་པ་རེད། ད་དུང་ས་གནས་ས་ཐོག་ཏུ་རྟོག་ཞིབ་བཀོད་སྒྲིག་བྱས་ཏེ་སློབ་མའི་བཀོལ་སྤྱོད་ནུས་པ་ཆེ་རུ་བཏང་ཡོད། བརྒྱུད་རིམ་ལྡན་པའི་སློབ་སྦྱོང་དང་ལག་ལེན་བརྒྱུད། གསོ་སྦྱོང་ལ་ཞུགས་མཁན་ཚང་མ་སྣེ་གདོང་གི་ངོ་མཚར་གཏམ་རྒྱུད་བརྗོད་མཁན་དང་གཟུགས་བརྙན་བཟང་པོ་གཏོད་མཁན་གྱི་རིག་གནས་ཕོ་ཉར་འགྱུར་བར་བྱས་ཡོད།

    གསོ་སྦྱོང་ལ་ཞུགས་མཁན་ནོར་བུས“ངའི་ངོས་ནས་བརྗོད་ན། ད་ཐེངས་ཀྱི་གསོ་སྦྱོང་ནི་སློབ་སྦྱོང་གི་གོ་སྐབས་ཡག་པོ་ཞིག་ཡིན། རྒན་ལགས་ཚོའི་སློབ་ཁྲིད་བརྒྱུད་ང་ལ་གྲུབ་འབྲས་མི་དམན་པ་ཐོབ་བྱུང་། སླད་ཕྱིན་ངས་སྣེ་གདོང་གི་གཏམ་རྒྱུད་ཤོད་མཁན་ཡག་པོ་ཞིག་བྱས་ཏེ། མི་དེ་བས་མང་བས་མཛེས་སྡུག་ལྡན་པའི་སྣེ་གདོང་ལ་རྒྱུས་མངའ་ཐུབ་པ་བྱེད་ཀྱི་ཡིན”ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།