དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཉིང་ཁྲི་གྲོང་ཁྱེར་གྱིས་སེམས་ཁམས་བདེ་ཐང་ཡོང་ཐབས་དང་སྙིང་ཀླད་ཁྲག་རྩའི་ནད་སྔོན་འགོག་གི་ཚན་རིག་ཁྱབ་གདལ་གྱི་སྐོར་སྐྱོད་འཆད་ཁྲིད་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-20

    སྤྱི་ཚོགས་ཀྱི་སེམས་ཁམས་བདེ་ཐང་ཞབས་ཞུའི་མ་ལག་གང་མགྱོགས་བསྐྲུན་ཏེ་མང་ཚོགས་ཀྱི་སེམས་ཁམས་བདེ་ཐང་གི་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་ཆེད། ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་གྱིས་སེམས་ཁམས་བདེ་ཐང་ཡོང་ཐབས་དང་སྙིང་ཀླད་ཁྲག་རྩའི་ནད་སྔོན་འགོག་གི་ཚན་རིག་ཁྱབ་གདལ་གྱི་སྐོར་སྐྱོད་འཆད་ཁྲིད་བྱེད་སྒོ་སྤེལ་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་བྱེད་སྒོས་ལས་བཟོ་དང་། མཐོ་སློབ་དང་མཐོ་འབྲིང་གི་སློབ་ཐོན་སློབ་མ། གཞོན་ནུ་ལོ་ཆུང་དང་བྱིས་པ་བཅས་ཀྱི་མི་ཚོགས་ཁག་གསུམ་ལ་དམིགས་ཏེ་སྐོར་སྐྱོད་འཆད་ཁྲིད་ཐེངས་16བྱས་པར། གཙོ་བོ་སེམས་ཁམས་བདེ་ཐང་ཡོང་ཐབས་དང་། གནོན་ཤུགས་གཅོག་ཐབས། སྙིང་ཀླད་ཁྲག་རྩའི་ནད་སོགས་གཅོང་ནད་འགོག་བཅོས་ཀྱི་ཚན་རིག་ཁྱབ་གདལ་དང་། སེམས་ཁམས་བདེ་ཐང་ཤེས་བྱའི་ཚན་རིག་ཁྱབ་གདལ་སོགས་ཀྱི་ནང་དོན་ཚུད་ཡོད།

    ད་རེས་ཀྱི་སྐོར་སྐྱོད་འཆད་ཁྲིད་བྱེད་སྒོ་སྤེལ་བའི་དམིགས་ཡུལ་ནི། ལས་དོན་དང་། སློབ་སྦྱོང་། འཚོ་བའི་ཁྲོད་ཐོན་སླ་བའི་སེམས་ཁམས་བདེ་ཐང་གི་གནད་དོན་བསལ་ཏེ། ཚང་མས་རང་ངོས་ཀྱི་སེམས་ཁམས་ཀྱི་འཁྱེར་སོར་ངོས་འཛིན་ཡང་དག་ཇི་ལྟར་བྱེད་དགོས་ཚུལ་དང་། རང་སོ་སོས་སེམས་ཁམས་སྙོམས་སྒྲིག་གང་འདྲ་བྱེད་དགོས་ལུགས་ལ་ཁྲིད་སྟོན་བྱེད་རོགས་བྱ་རྒྱུ་དེ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།