དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཏང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་འགན་སྒྲུབ་ཀྱི་སྤུས་ཚད་དང་ཕན་འབྲས་ལེགས་སུ་གཏོང་རྒྱུར་ཁྲིད་སྟོན་བྱེད་པ།

    —— གཞིས་རྩེ་གྲོང་ཁྱེར་སྲིད་གྲོས་ཀྱི་ཏང་འཛུགས་སྐྱོང་ལས་དོན་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-20

    ཉེ་དུས་གཞིས་རྩེ་གྲོང་ཁྱེར་སྲིད་གྲོས་ཀྱིས་ཁང་དམར་རྫོང་སྲིད་གྲོས་ལས་ཁུངས་ཏང་ཀྲི་པུའུ་དང་མཉམ་དུ་ཁང་དམར་རྫོང་གནས་རྙིང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིར“ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་། ཐོག་མའི་བསམ་འདུན་མ་བརྗེད་པ། འབད་འབུངས་མདུན་སྐྱོད”བཅས་ཀྱི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ཡོད། འདི་ནི་བྱེད་སྒོར་ཞུགས་མཁན་ཏང་ཡོན་ཚོས་འགྲེམས་ཁང་གི་མདུན་དུ་མཉམ་པར་རྒྱག་བཞིན་པ།

    ཉེ་དུས་གཞིས་རྩེ་གྲོང་ཁྱེར་སྲིད་གྲོས་ཀྱིས་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་གཞིས་རྩེ་གྲོང་ཁྱེར་སྲིད་གཙང་ཉེན་གཏོང་སློབ་གསོའི་རྟེན་གཞིར་བསྐྱོད་དེ་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ཡོད། འདི་ནི་བྱེད་སྒོ་སྤེལ་རིང་ཏང་ཡོན་ལས་བྱེད་པས་ཏང་ཞུགས་དམ་བཅའི་ཚིག་བསྐྱར་དྲན་བྱེད་བཞིན་པ།

    ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་སྲིད་གྲོས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་ལག་བསྟར། ཏང་གི་འགོ་ཁྲིད་དང་། འཐབ་ཕྱོགས་གཅིག་གྱུར། གྲོས་མོལ་དམངས་གཙོ་བཅས་ཟུང་འབྲེལ་ནུས་ལྡན་བྱ་རྒྱུ་མཐའ་འཁྱོངས། “དོན་ཆེན་བཞིར”དམིགས་པ་དང་།“འཛུགས་གཏོད་བཞིར”ཤུགས་སྣོན་རྒྱག་པ། “ལྟེ་བའི་གྲོང་ཁྱེར་གཉིས”བསྐྲུན་རྒྱུར་དམིགས་པ། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ནན་ཏན་སྒྲུབ་པ། དམ་པ་དོན་གཉེར་དང་གྲུབ་འབྲས་དངོས་ཀྱི་ཐོག་ནས་གཞིས་རྩེ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་དུས་རབས་གསར་པའི་གཞིས་རྩེ་གྲོང་ཁྱེར་གྱི་སྲིད་གྲོས་ལས་དོན་གྱི་ལེའུ་གསར་པ་བརྩམས་ཡོད།

    འགན་འཁྲི་དང་ཁ་ཕྱོགས་གཏན་ལ་འཁེལ་བ།

    གཞིས་རྩེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་སྲིད་གྲོས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་གྲོས་མོལ་གྲུབ་འབྲས་ལ་མཆན་བཀོད་མཛུབ་སྟོན་ཐེངས་མང་བྱས་པ་དང་སྲིད་གྲོས་ལ་གྲོས་འགོ་ཐེངས་མང་བཏོན་ཡོད། ལྷག་པར་དུ་ད་ལོར་གྲོང་ཁྱེར་སྲིད་གཞུང་གིས་སྲིད་གྲོས་ཀྱི་བརྟག་དཔྱད་ཞིབ་འཇུག་སྙན་ཞུའི་ནང་གི་བསམ་འཆར་དང་གྲོས་འགོར་ཐོག་མར་ལས་འགན་དབྱེ་ཕྲལ་བྱས་པར་བརྟེན་ལས་དོན་གྱི་མཉམ་ཤུགས་ཆེན་པོ་གྲུབ་ཡོད།

    ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་ནུས་པ་ཆེ་རུ་བཏང་ཞིང་། གྲོང་ཁྱེར་སྲིད་གྲོས་ཀྱི་ཏང་ཙུའུ་ཡིས་བྱེད་པོའི་འགན་འཁྲི་ཕྲག་ཏུ་འཁུར་བ་དང་། གྲོང་ཁྱེར་སྲིད་གྲོས་ཚན་ཁག་གི་ཁོངས་མིའི“ལས་གནས་གཅིག་ལ་འགན་འཁྲི་གཉིས”དང་། ལས་ཁུངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི“ཏང་འཛུགས་སྐྱོང་གི་འགན་འཁྲི་གཙོ་བོ”ཁ་གསལ་བཟོས་པ། ཏང་འཛུགས་སྐྱོང་དང་། ཏང་སྲོལ་སྲིད་གཙང་། འདུ་ཤེས་འཛིན་སྟངས་ཀྱི་ལས་ཀའི་འགན་འཁྲིའི་ལམ་ལུགས་བཅས་དོན་འཁྱོལ་ནན་པོ་བྱས་པ། སྲིད་གྲོས་ཏང་ཙུའུ་ཡིས་དུས་བཀག་ལྟར་ལས་ཁུངས་ཏང་ཙུའུ་ཡི་ལས་ཀའི་སྙན་སེང་ཉན་པ་བཅས་བྱས་ནས་ལས་ཁུངས་ཀྱི་ཏང་ཙུའུ་དང་། གཞུང་ལས་ཁང་། ཆེད་དོན་ཨུ་ལྷན་བཅས་ཀྱི་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ཡོད།

    ཆེད་དོན་ཨུ་ལྷན་གྱི“གཅིག་འཇུག་བཞི་སྐྲུན”གྱི་ལས་ཀའི་བྱེད་ཐབས་ལ་བརྟེན་ནས་གོང་འོག་སྦྲེལ་མཐུད་དང་ལག་བསྟར་ནུས་ལྡན་གྱི་རིམ་པ་མང་བའི་རྩ་འཛུགས་མ་ལག་འཛུགས་པ་དང་། “སེམས་པ་ཏང་ལ་ཕྱོགས། གསུམ་འཛུགས་རྩེ་གྲ་བཞིའི”ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་གི་སྤུས་རྟགས་གཏོད་རྒྱུ་གོ་སྐབས་སུ་བྱེད་པ། ཁྱད་ལྡན་ལས་གཏོད་དང་མཉམ་འདྲེས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་རྣམ་པ་ཟབ་ཏུ་གཏོང་བ། རིམ་གཉིས་ཏང་ཙུའུ་ཡི་ཚན་ཁག་དང་ལས་ཁུངས་ཀྱི་ཏང་སྤྱི་ཁྱབ་ཀྲི་པུའི་ཁོངས་མིས་ལས་ཁུངས་ཀྱི་ཏང་ཀྲི་པུའུ་ལ་འབྲེལ་གཏུག་དང་མཛུབ་ཁྲིད་བྱེད་པའི་ལམ་ལུགས་འཛུགས་པ། ཏང་དོན་སྟོབས་ཤུགས་ལེགས་འདེམས་ཧྲག་སྒྲིག ཏང་ཡོན་གྱི་སྐར་གསོག་ལམ་ལུགས་ཀྱི་དཔྱད་མོལ་ཁྱབ་གདལ། དུས་བཀག་ལྟར“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”གི་བྱེད་སྒོ་སྤེལ་བ་བཅས་བྱས་ནས་ཀྲི་པུའི་ཚད་ལྡན་ཅན་གྱི་འཛུགས་སྐྱོང་ཆུ་ཚད་མུ་མཐུད་མཐོ་རུ་བཏང་བ་རེད།

    ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་ལེགས་སུ་བཏང་བ།

    ཏང་ཨུད་ཀྱིས་འགོ་ཁྲིད་དང་། སྲིད་གཞུང་གིས་རྒྱབ་སྐྱོར། སྲིད་གྲོས་ཀྱིས་འགན་གཙོ་བོ་འཁུར་བ་བཅས་ཀྱི་གྲོས་མོལ་ལས་ཀའི་ལམ་སྲོལ་མུ་མཐུད་གཏིང་ཟབ་ཏུ་བཏང་བ་དང་། ཏང་སྲིད་ཀྱིས་གནད་དོན་གླེང་བ་དང་། སྲིད་གྲོས་ཀྱིས་གནད་དོན་གྲོས་མོལ་བྱེད་པ། སྡེ་ཚན་གྱིས་གནད་དོན་འོས་སྦྱོར་བྱེད་པ། ཨུ་ཡོན་གྱིས་གནད་དོན་འདོན་པ། སྤྱི་ཚོགས་ཀྱིས་གནད་དོན་བསྡུ་བ་སོགས་ཀྱི་བྱེད་ཐབས་བརྒྱུད“དོན་ཆེན་བཞི”དང“འཛུགས་གཏོད་བཞིར”དམིགས་ནས་གྲོས་མོལ་གྱི་གཙོ་གནད་བཏོན་པ། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ལྟེ་བའི་ལས་འགན་ལ་དམ་པོར་དམིགས་ཏེ་ཚད་གཞི་མཐོ་བའི་སྒོ་ནས་ལོ་འཁོར་གྱི་གྲོས་མོལ་འཆར་གཞི་གཏན་འབེབས་བྱས་པ་མ་ཟད། གྲོང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཞིབ་བྱས་ནས་ཆོག་མཆན་ཐོབ་རྗེས་ལག་བསྟར་ནན་པོ་བྱས་ཡོད།

    ཚོགས་འདུའི་གྲོས་མོལ་དང་། ཁ་གཏད་གྲོས་མོལ། ཆེད་དོན་གྲོས་མོལ། གྲོས་གཞི་སྒྲུབ་གཉེར་གྲོས་མོལ། རིགས་ཁོངས་གྲོས་མོལ་སོགས་ད་ཡོད་གྲོས་མོལ་གྱི་རྣམ་པ་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་སྟེ། གཙོ་གནད་དོ་ཁུར་བྱ་ཡུལ་གྱི་གནད་དོན་བརྡ་ཁྱབ་གཏོང་བ་དང་། སྲིད་གྲོས་རྒྱུན་ཨུའི་ཨུ་ཡོན་གྱིས་རང་བརྟེན་བརྟག་ཞིབ་གྲོས་མོལ་བྱེད་པ། “སྒོ་རྩར་གྲོས་མོལ”སོགས“རོགས་རེས་རྣམ་པའི”གྲོས་མོལ་བྱེད་སྟངས་གསར་པ་འཚོལ་ཞིབ་དང་ལག་བསྟར་བྱས་པས། གྲོས་མོལ་འབྲེལ་ཐག་ཆ་ཚང་ཆགས་ཡོད།

    དུས་དང་རྣམ་པ་ཀུན་གྱི་གྲོས་མོལ་ལས་སྟེགས་སྒྲོམ་གཞི་བཙུགས་ཤིང་། གྲོང་ཁྱེར་དང་རྫོང(ཆུས)གི་སྲིད་གྲོས་ཀྱི་མཉམ་འབྲེལ་འགན་སྒྲུབ་ལམ་ལུགས་བཟོས་པ་དང་། ཤང(གྲོང་རྡལ་དང་ཁྲོམ་གཞུང)གི་སྲིད་གྲོས་ཨུ་ཡོན་འབྲེལ་གཏུག་གཞུང་ལས་ཁང་གི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་མཛུབ་ཁྲིད་བསམ་འཆར་བཏོན་པ། ཨུ་ཡོན་གྱི་ལས་དོན་ས་ཚིགས་དང་ཨུ་ཡོན་གྱི་སྐད་འཕྲིན་མིང་བྱང་སོགས་གྲོས་མོལ་སྤུས་རྟགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུའི་འཚོལ་ཞིབ་བྱས་པ། “གཏན་འཇགས+སྐོར་སྐྱོད”ཀྱི“སྒོ་རྩར་གྲོས་མོལ”གྱི་ལས་སྟེགས་སྒྲོམ་གཞི་བཙུགས་ཡོད། ལོ་ལྟར་སྲིད་གྲོས་ཀྱི་ལས་སྟེགས་བརྒྱུད་གྲོས་མོལ་ལྟ་སྐུལ་ལས་ཀ་དང་མི་དམངས་ལ་ཞབས་འདེགས་ཞུ་བའི་བྱེད་སྒོར་ཞུགས་མཁན་ཨུ་ཡོན་དང་མང་ཚོགས་མི་ཐེངས་ཆིག་སྟོང་ལྷག་ཙམ་ཟིན་ཡོད། རྨང་གཞི་འདིའི་ཐོག་ཏང་ཨུད་དང་། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་འགོ་ཁྲིད་ཀྱིས་མིང་སྔོན་འགོད་བྱས་ནས་གཙོ་གནད་གྲོས་གཞིའི་ལས་དོན་ལ་སྒྲུབ་སྐུལ་དང་། གྲོས་གཞི་སྒྲུབ་གཉེར་གྱི་ལྟ་སྐུལ་དཔྱད་གླེང་སོགས་ཀྱི་ལམ་ལུགས་བཏོན་པ་དང་། ཆེད་དོན་ཨུ་ལྷན་ཁག་གིས་ཏང་སྲིད་སྡེ་ཚན་དང་ཁ་གཏད་འབྲེལ་གཏུག་དང་གྲོས་མོལ་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ། གྲོས་གཞི་སྒྲུབ་གཉེར་དང་གྲོས་མོལ་བྱས་འབྲས་དང་ལེན་དང་གཞན་སྒྱུར་བྱས་ཚུལ“མཇུག་འཁྱོངས”བྱས་ནས་བརྒྱུད་རིམ་ཧྲིལ་པོར་གྲོས་མོལ་བྱས་པ། གྲོས་མོལ་གྲུབ་འབྲས་དེ“འགོ་བཙུགས་པ”ནས“མཇུག་མ་བསྒྲིལ”བར་ངོ་མཚར་ཆེ་བའི་ཕྱོགས་སུ་འགྱུར་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ཡོད།

    རང་ངོས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ།

    ད་ལྟ་ལག་བསྟར་བྱེད་བཞིན་པའི་ལས་ཀའི་ལམ་ལུགས་སྣ་ཚོགས་ཕྱོགས་ཡོངས་ནས་གསེད་བཀྲོལ་དང་རིཌ་དབྱེ་བྱས་པ་དང་། 《གཞིས་རྩེ་གྲོང་ཁྱེར་གྱི་སྲིད་གྲོས་ལས་ཀའི་གོ་རིམ་གྱི་ཕྱོགས་སྟོན》ཞེས་པ་རྩོམ་སྒྲིག་པར་སྐྲུན་བྱས་ཤིང་། ལམ་ལུགས་ལམ་སྲོལ་20ལྷག་ལ“འཛུགས་བཅོས་དོར”བཅས་བྱས་པ་དང་། སྲིད་གླེང་རང་བཞིན་གྱི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་དང་། ཡུལ་བབ་དམངས་འདུན་གྱི་ཆ་འཕྲིན་ལས་དོན་ལ་ལམ་ལུགས་ཀྱི་ཚད་གཞི་བཟོས་ཏེ། འགན་སྒྲུབ་ཀྱི་ལམ་ལུགས་ཅན་དང་། ཚད་ལྡན་ཅན། གོ་རིམ་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་ནུས་ལྡན་བཏང་ཡོད།

    དེ་དང་ཆབས་ཅིག་ཏང་ཡོངས་སུ་སྤེལ་བའི་སློབ་གསོའི་བྱེད་སྒོ་རབ་དང་རིམ་པ་དང་ལྗོངས་ཡོངས་ཀྱི་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་ཀའི་གོ་སྐབས་ཁོང་དུ་བརྟན་པོ་ཆུད་པར་བྱས་ཏེ་སྤྱོད་གཙང་ལས་ཁུངས་འཛུགས་སྐྱོང་དང་ཟུང་འབྲེལ་གྱིས་ཐོག་མའི་འགན་འཁྲི་རྩད་གཅོད་དང་དུས་བཅད་བསྒྲུབས་ཆོད་ལམ་ལུགས་ཁྱབ་གདལ་གཏོང་བ་དང“གསལ་ཐོ་སྒྲུབ་སྐུལ་དང་། དུས་མཚམས་ཕྱོགས་སྡོམ། དུས་བཀག་བཀོད་གཏོང”བཅས་ཀྱི་ལས་ཀའི་ལམ་སྲོལ་དོན་འཁྱོལ་བྱས་ཏེ་རིམ་པ་བཞིན་ལས་ཀའི་འགན་འཁྲི་ནན་དུ་བཏང་ཡོད། ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ“གཞི་རིམ་དུ་སྐྱོད་པ་བཞིའི”ལས་ཀའི་བྱ་ཐབས་ལག་ལེན་བསྟར་ནས་གཞི་རིམ་དུ་བསྐྱོད་དེ་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱས་ཏེ་ཏང་ཨུད་དང་སྲིད་གཞུང་དང་མི་དམངས་མང་ཚོགས་དབར་གྱི་མཉམ་འགུལ་བཟང་པོ་ཆགས་པར་བྱས་ཡོད། “ལས་རིགས་ཡོངས་ལ་ཁྱབ་པའི”སློབ་སྦྱོང་འཆར་གཞི་བཟོས་ཏེ་སྔ་རྗེས་སུ་ཨུ་ཡོན་གསོ་སྦྱོང་འཛིན་གྲྭ་ཐེངས་4གཉེར་བ་དང་། གཅིག་སྡུད་སློབ་སྦྱོང་གསོ་སྦྱོང་དང་གྲོས་གཞིའི་ཆེད་དོན་སྐོར་སྐྱོད་སྒྲོག་འགྲེལ་ཐེངས་30ལྷག་ཙམ་བྱས་པས“དཔུང་ཁག་གཉིས”ཀྱི་འགན་འཁྲི་སྒྲུབ་ནུས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།