བོད་ཀྱི་འཐུས་མི་ཚོགས་པ་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པར་ཞུགས་རྒྱུ་ཡིན་པ།
ཟླ་11ཚེས་22ནས་30ཉིན་བར། རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པ་ཧའེ་ནན་ཞིང་ཆེན་སན་ཡ་གྲོང་ཁྱེར་དུ་འཚོག་རྒྱུ་རེད། ཉེ་ཆར། བོད་ཀྱི་འཐུས་མི་ཚོགས་པའི་རྣམ་གྲངས་ཁག་གི་འཐུས་མི་རུ་ཁག་གཅིག་རྗེས་གཉིས་མཐུད་ངང་རྡོག་ཐོན་བྱས་ཏེ། རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པར་ཞུགས་རྒྱུ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། བོད་ཀྱི་འཐུས་མི་ཚོགས་པར་བོད་རིགས་དང་། རྒྱ་རིགས། ལྷོ་པ་རིགས། མོན་པ་རིགས། ཀྲོང་རིགས། དབྱིས་རིགས། མན་ཇུ་རིགས། སོག་རིགས་སོགས་མི་རིགས་ཁག་གི་ལུས་རྩལ་པ་240ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་ལུས་རྩལ་འགྲན་ཚོགས་ཀྱི་ཀྲའོ་སུའུ་ཡན་ལག་ཚོགས་རའི་རྟ་ཐོག་རྣམ་གྲངས་ཟླ་7ཚེས་8ནས་13ཉིན་བར་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དབྱི་ལི་ཧ་སག་རང་སྐྱོང་ཀྲོའུ་ཡི་ཀྲའོ་སུའུ་རྫོང་དུ་གཉེར་བ་དང་། བོད་ཀྱི་འཐུས་མི་ཚོགས་པར་གསེར་གྱི་རྟགས་མ་5དང་། དངུལ་གྱི་རྟགས་མ་10 ཟངས་ཀྱི་རྟགས་མ་7བཅས་ཐོབ་ཡོད་པ་རེད།