དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • “དུས་རབས་ཀྱི་འགན་འཁྲི་འཁུར་ཕོད་པ་དང་། འགན་འཁྲི་གཙང་སྒྲུབ་ནན་ཏན་བྱེད་པ། སེམས་མཐུན་འབྱུང་འགྱུར་ཕྱོགས་སུ་སྐྱོད”ཅེས་པའི་བོད་ལྗོངས་སྲིད་གྲོས་བཙུགས་ནས་ལོ་65འཁོར་བའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ།

    ཀུན་སེམས་གཅིག་ཏུ་བསྒྲིལ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-20

    ཚེས་18ཉིན་གྱི་སྔ་དྲོར། གསར་འགོད་པར“དུས་རབས་ཀྱི་འགན་འཁྲི་འཁུར་ཕོད་པ་དང་། འགན་འཁྲི་གཙང་སྒྲུབ་བྱེད་པ། སེམས་མཐུན་འབྱུང་འགྱུར་ཕྱོགས་སུ་སྐྱོད་པ”ཅེས་པའི་བོད་ལྗོངས་སྲིད་གྲོས་བཙུགས་ནས་ལོ་65འཁོར་བའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ལོ་རྒྱུས་ཀྱི་དུས་སྐབས་ཁག་ཏུ་བོད་ལྗོངས་སྲིད་གྲོས་ཀྱིས་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་དང་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣར་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ཚབ་བྱེད་ཐབས་བྲལ་བའི་ནུས་པ་གལ་ཆེན་བཏོན་ཡོད། ལྷག་དོན་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ལྗོངས་སྲིད་གྲོས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྲིད་གྲོས་ལས་དོན་ལ་གཅིག་འདོམས་བྱེད་པའི་སྤྱིའི་རྩ་འཛིན་དུ་བརྩི་བ་དང་། མི་དམངས་སྲིད་གྲོས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བསྟར་བ། ཏང་གི་འགོ་ཁྲིད་དང་། འཐབ་ཕྱོགས་གཅིག་གྱུར། གྲོས་མོལ་དམངས་གཙོ་བཅས་ཟུང་འབྲེལ་དམ་ཟབ་བྱེད་རྒྱུ་མཐའ་འཁྱོངས། “དོན་ཆེན་བཞིར”དམིགས་ནས“འཛུགས་གཏོད་བཞིར”ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་བཏོན་ནས་ནུས་ཤུགས་ཡོད་རྒུས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་རྩོམ་རིང་སྲིད་གྲོས་ཀྱི་འགན་འཁྲི་དང་འགན་སེམས་མངོན་པར་བྱས་ཡོད།

    ལོ་65ཡི་རིང་། བོད་ལྗོངས་སྲིད་གྲོས་ཀྱིས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། ཆབ་སྲིད་འཛུགས་སྐྱོང་གིས་གཅིག་འདོམས་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་སྲིད་གྲོས་ཀྱི་ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ། ཏང་གིས་སྲིད་གྲོས་ལས་དོན་ལ་འགོ་ཁྲིད་བྱེད་པའི་རྩ་འཛུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཏང་གིས་སྲིད་གྲོས་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པའི་ལམ་ལུགས་དང་ལམ་སྲོལ་དོན་འཁྱོལ། ཏང་གི་འགོ་ཁྲིད་མཐའ་འཁྱོངས། ཁ་ཕྱོགས་སྟངས་འཛིན་དང་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱས་ཡོད།

    ལོ་65ཡི་རིང་། བོད་ལྗོངས་སྲིད་གྲོས་ཀྱིས་ཐོག་མཐའ་བར་གསུམ་དུ་མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོ་མཐའ་འཁྱོངས་བྱས་ཏེ། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་དང་ཐུན་མོང་གི་ངོས་འཛིན་གཅིག་བསྒྲིལ་རྒྱ་ཁྱབ་བྱེད་པ་ལྟེ་བའི་ལྷུ་ཚིགས་སུ་བརྩི་བ་དང་། “འབྲེལ་གཏུག་ལྔའི”ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། “གྲོགས་པོ་སྒྲིག་པའི”བྱེད་སྒོ་གཏིང་ཟབ་སྤེལ་བ་བཅས་བྱས་ཏེ་ལོ་ལྟར་སྲིད་གྲོས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་དབྱར་དུས་མཐུན་འབྲེལ་ལྷན་འཛོམས་དང་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་ཇ་སྟོན་འདུ་ཚོགས་དང་། ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ། ཆོས་ལུགས་ལས་རིགས་ཀྱི་ཨུ་ཡོན་གྱི་བཞུགས་མོལ་ཚོགས་འདུ། ཚུར་ལོག་ཕྱིར་སྡོད་སྤུན་ཟླའི་འཐུས་མིའི་བཞུགས་མོལ་ཚོགས་འདུ་སོགས་ཀྱི་མཐུན་འབྲེལ་སྤེལ་རེས་ཀྱི་བྱེད་སྒོ་སྤེལ་བ་རེད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རིང་སྲིད་གྲོས་ཨུ་ཡོན་གྱི་ནུས་པ་གལ་ཆེན་གང་ལེགས་བཏོན་ཏེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་རྣམ་པ་བཟང་པོ་བསྐྲུན་ཡོད།

    ལོ་65ཡི་རིང་། བོད་ལྗོངས་སྲིད་གྲོས་ཀྱིས་ལྟེ་བར་དམ་པོར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ནས། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་མི་འབོར་དང་། མི་སེམས། ཤེས་ལྡན་པ་བཅས་ཀྱི་གནད་དོན་ཐག་གཅོད་ལ་དམིགས་ཏེ་སྲིད་གྲོས་རང་བཞིན་གྱི་ཆེད་དོན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་སྐོང་འཚོགས་བྱས་ཡོད། “ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏིང་ཟབ་བསྐྲུན་པའི”གྲོས་མོལ་སྲིད་གླེང་ལ་དམིགས་པ་དང་། “བོད་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྲུན་དང་དོ་དམ་བྱས་ཚུལ”དང་། “ནགས་ཚལ་ལ་དོ་ཁུར་བྱེད་པའི་བྱེད་སྒོ་སྤེལ་འགོ་བཙུགས་པ་དང་ལག་ལེན་བསྟར་བ”“ལྗང་མདོག་གཏེར་རི་འཛུགས་སྐྲུན”སོགས་ལ་དམིགས་ནས་དམངས་གཙོའི་ལྟ་སྐུལ་བྱས་པ། 《བྱང་ཐང་ས་མཐོའི་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྲུན་ཁུལ་གྱི་སྤྱིའི་འཆར་འགོད》ཀྱི་བློ་འདྲིའི་ཚོགས་འདུ་འཚོགས་པ་བཅས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་ལག་ལེན་བསྟར་བར་རམ་འདེགས་བྱས་ཡོད། “མཐའ་བརྟན་བོད་དར”དང“མཐའ་མཚམས་ས་ཁུལ་གྱི་སྤྱི་པའི་ཞབས་ཞུའི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ”སོགས་ལ་དམིགས་ནས་ཐབས་ཇུས་ཧུར་ཐག་བཏོན་པ་དང་། “སྲིད་གྲོས་ཨུ་ཡོན་མཐའ་མཚམས་སུ་བསྐྱོད། མཐའ་བདེ་དང་། མཐའ་བརྟན། མཐའ་དར་བཅས་ཡོང་བར་ཐབས་ཇུས་འདོན་པ”“མཐའ་མཚམས་བདེ་འཇགས་དང་། རིག་ལྡན་མཐའ་སྲུང་། མཐའ་སྲུང་དཔུང་ཁག་འཛུགས་སྐྱོང”“མཐའ་མཚམས་ས་ཁུལ་གྱི་སྤྱི་པའི་ཞབས་འདེགས་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ”སོགས་ཀྱི་ལྟ་ཞིབ་དང་བརྟག་ཞིབ་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་ཏེ་མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་ལྷིང་འཇགས་ཡོང་བ་དང་མཐའ་མཚམས་མི་སེར་འབྱོར་ཕྱུག་ལྡན་པར་རམ་འདེགས་བྱས་ཡོད།

    ལོ་65ཡི་རིང་། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་མི་དམངས་སྲིད་གྲོས་ཀྱིས་མི་དམངས་ལ་ཞབས་འདེགས་མཐའ་འཁྱོངས་ཞུས་ཏེ“ལྷ་སའི་གྲོང་ཁུལ་རྙིང་པར་སྲུང་སྐྱོང་དང་མིའི་འཚོ་སྡོད་ཁོར་ཡུག་ལེགས་སུ་གཏོང་བ”དང“ཐུམ་འབུའི་ནད་དང་གྲུམ་བུ་ཚིགས་ཆེན་གྱི་ནད་གཞི་བཅོས་པར་སྐུལ་འདེད་གཏོང་བ”སོགས་ལ་དམིགས་ནས་ཆེད་དོན་གྲོས་མོལ་དང་། ཁ་གཏད་གྲོས་མོལ། རིགས་ཁོངས་གྲོས་མོལ་བཅས་བྱས་ཡོད། “ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོའི་དམངས་འཚོའི་རྣམ་གྲངས་ཀྱི་གསལ་ཐོ་བཟོས་ཏེ“མི་དམངས་མང་ཚོགས་ཀྱི་བཟའ་བཅའི་བདེ་འཇགས་ལ་དོ་ཁུར་བྱས་ནས་ཧྥུལ་ཉུང་ཇའི་ཁ་གསབ་སྲིད་ཇུས་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ”དང“གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་མི་དམངས་མང་ཚོགས་ཀྱི་བདེ་ཐང་ལ་ཞབས་འདེགས་ཞུ་བ” “སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ” “ཞིང་འབྲོག་ཁུལ་གྱི་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་དང་ལེགས་སུ་གཏོང་བ”“ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་བྱེད་རིང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་ཐབས་དོན་འཁྱོལ་དང་ས་གནས་དེ་གའི་ལས་མི་བཀོལ་སྤྱོད་བྱས་ཚུལ” “གཉིས་ཡང’སྲིད་ཇུས་དོན་འཁྱོལ་བྱས་ནས་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་གཏོང་བ”སོགས་བདམས་ནས་ཆེད་དོན་ལྟ་ཞིབ་བྱས་ཡོད། གཙོ་གནད་དང་དོ་ཁུར་བྱེད་པའི་གནད་དོན་བརྡ་ཁྱབ་གཏོང་བའི་ལམ་སྲོལ་བཙུགས་ནས“མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན”དང་། “དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱེད་པ” “རང་ལྗོངས་ཀྱི‘ཞིང་གསུམ’ལས་དོན་གྱི་གྲུབ་འབྲས་གཙོ་བོ”སོགས་གནས་ཚུལ་བརྡ་ཁྱབ་གཏོང་བའི་ཚོགས་འདུ་འཚོགས་པ་རེད། ཡུལ་བབ་དམངས་འདུན་མཚོན་པའི་ཆ་འཕྲིན་གྱི་ཐབས་ལམ་རྒྱ་ཆེར་བཏང་ནས་ཡུལ་བབ་དམངས་འདུན་མཚོན་པའི་ཆ་འཕྲིན་དེ་སྲིད་དོན་ཇུས་འབུལ་དང་ཐབས་ཇུས་འདོན་པར་ཞབས་འདེགས་ཞུ་བའི་རྣམ་པ་བཟང་པོ་སྔར་བས་ཆགས་པར་སྐུལ་འདེད་བཏང་ཡོད། “བྱ་བ་དངོས་སྒྲུབ་པ”དང་།“གཤམ་སྐྱོད་དང་མང་ཚོགས་ཀྱི་ཞུ་བཅར་དང་ལེན་བྱེད་པ” “རིམ་བཞིའི”སྲིད་གྲོས་ཨུ་ཡོན“གཞི་རིམ་ལ་སྐྱོད་པ་དང་། གྲོགས་པོ་སྒྲིག་པ། བརྟག་དཔྱད་ཞིབ་འཇུག་ཤུགས་ཆེན་བྱེད་པ། ཡུལ་བབ་དམངས་འདུན་མཚོན་པ”སོགས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་ཏེ། ཏང་དང་སྲིད་གཞུང་ལ་གཞོགས་འདེགས་བྱས་ནས་དམངས་འཚོའི་བདེ་རྩ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད།

    ཡོངས་བསྒྲགས་ཚོགས་འདུའི་ཐོག རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་གསར་འགྱུར་མགྲིན་ཚབ་པས་ད་དུང་གྲོས་གཞིའི་ལས་དོན་ལ་བརྟེན་ནས་མི་དམངས་མང་ཚོགས་ཀྱིས་ཡོངས་ཁྱབ་དོ་ཁུར་བྱེད་པའི་གླེང་མང་བའི་གནད་དོན་དང་དཀའ་གནད་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བ་དང་། སྲིད་གྲོས་ཀྱིས་རང་ལྗོངས་ཀྱི“འཛུགས་གཏོད་བཞིར”རོགས་སྐྱོར་དང་། རང་ལྗོངས་ཀྱི“ཞིང་གསུམ”ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བར་རམ་འདེགས། ཤེས་ལྡན་པའི་ལེགས་ཆ་འདོན་སྤེལ། རང་ལྗོངས་ཀྱི་སློབ་གསོ་དང་། ཚན་རྩལ། འཕྲོད་བསྟེན། ལུས་རྩལ་བཅས་ཀྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དུས་རབས་གསར་པའི“ཀྲུང་གོའི་གཏམ་རྒྱུད”དང“ཀྲུང་གོའི་བོད་ཀྱི་གཏམ་རྒྱུད”ཡག་པོ་བརྗོད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་དང་རིག་གནས་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་ཀྱི་རྒྱུན་གཏན་རང་བཞིན་གྱི་ལས་དོན་ཡག་པོ་སྒྲུབ་པ་སོགས་ཀྱི་གནད་དོན་ལ་དམིགས་ནས་གསར་འགོད་པའི་དྲི་བར་ལན་བཏབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།