དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སུ་གཞུང་བཙུགས་སྨན་ཁང་གི“ཚོར་མེད་གཏོང་སྤྲོད”ཀྱི་ཞབས་འདེགས་ཞུ་འགོ་བཙུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-20

    ཉེ་ཆར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སུ་རང་སྐྱོང་ལྗོངས་ཀྱི་གཞུང་བཙུགས་སྨན་ཁང་གི“ཚོར་མེད་གཏོང་སྤྲོད”ཞབས་འདེགས་ཐོག་མ་ཞུ་འགོ་བཙུགས་ཤིང་། ཁྲེང་ཀོན་ཆུས་ཀྱི་ཞབས་ཞུའི་བརྒྱུད་རིམ་གྱི“ཚོར་མེད”དང་ཁེ་དབང་འགན་ལེན་གྱི“ཚོར་ཡོད”ཀྱི་རིག་ནུས་ཅན་གྱི་བསྡོམས་རྩིས་རྒྱག་པའི་ལས་དོན་ལ་འཕེལ་རྒྱས་བྱུང་བ་རེད།

    ལྷ་སའི་ལྟེ་བའི་གྲོང་ཁུལ་ཡིན་པའི་ཁྲེང་ཀོན་ཆུས་ཀྱིས་དྲ་སྦྲེལ་དང་སྨན་བཅོས་འགན་བཅོལ་ཟུང་འབྲེལ་གྱི་སྨན་བཅོས་ཞབས་འདེགས་ཞུ་སྟངས་གསར་པ་གསར་གཏོད་དང་བེད་སྤྱོད་བྱས་ཤིང་། བརྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་དང་རྟོག་ཞིབ་བྱས་པ་བརྒྱུད། ཁྲེང་ཀོན་ཆུས་མི་དམངས་སྨན་ཁང་དུ“ཚོར་མེད་གཏོང་སྤྲོད”ཀྱི་མ་ལག་སྨན་ཁང་གཞན་གྱི་སྔོན་ལ་ནང་འདྲེན་བྱས་པ་བརྒྱུད། ཨང་ཐོ་འགོད་པ་དང་། ནད་བརྟག་སྨན་བཅོས། སྨན་ལེན་པ་བཅས་ནས་རྩིས་ཞུ་གཏོང་སྤྲོད་བར་གྱི་འགྲོ་ལུགས་ཧྲིལ་པོར“ཚོར་མེད་གཏོང་སྤྲོད”ཞབས་འདེགས་མངོན་འགྱུར་བྱུང་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན།“ཚོར་མེད་གཏོང་སྤྲོད”ཞབས་འདེགས་ཞུ་འགོ་ཚུགས་རྗེས་སྨན་བཅོས་འགན་བཅོལ་མ་ལག་དང་དམིགས་འཛུགས་སྨན་བཅོས་སྒྲིག་གཞིའི་ཆ་འཕྲིན་མ་ལག་དབར་འབྲེལ་མཐུད་དམ་ཟབ་བྱུང་ནས་གྲོན་དངུལ་རང་འགུལ་རྩིས་རྒྱག་ཐུབ་རྒྱུ་རེད། ནད་པས་སྨན་བཅོས་བྱེད་རིང་དངུལ་སྨར་སྤྲོད་པའམ་ཡང་ན་གཱ་དྲད་མི་དགོས་པར་སྨན་བཅོས་བྱས་རྗེས་ཐད་ཀར་སྨན་ཁང་ནས་ཁ་བྲལ་ཆོག “ཚོར་མེད་གཏོང་སྤྲོད”མ་ལག་གིས་སྨན་བཅོས་འགན་བཅོལ་གྱི་རྩིས་ཞུའི་ཆ་ཤས་དང་མི་སྒེར་གྱིས་སྤྲོད་དགོས་པའི་ཆ་ཤས་རང་འགུལ་ངང་འཕྲི་འཐེན་བྱེད་རྒྱུ་རེད། ཞབས་ཞུའི་ལས་དོན་དེ་མགྱོགས་མྱུར་དང་། ནུས་ཆེ། སྟབས་བདེ་བཅས་ཡོད་པ་མ་ཟད། ད་དུང་མང་ཚོགས་ཀྱི་སྨན་རིན་རྩིས་རྒྱག་པའི་དུས་ཚོད་གྲོན་ཆུང་ནུས་ལྡན་ཐུབ་སྟེ། “གཱ་དྲད་དེ་རྩིས་རྒྱག་པ”ནས“ཨང་ཀི་བཤེར་ཏེ་རྩིས་རྒྱག་པའི”བར་དང་དེ་ནས“ངོ་བཤེར་རྩིས་རྒྱག་པའི”བར་མངོན་འགྱུར་བྱུང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།