དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཁྲོན་བོད་ལམ་ཐིག་གི་ཉིན་ཐོ། ས་མཐོའི་ལག་རྩལ་གྱི་རྒྱུན་འཛིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-11-19

    འདི་ནི་ཐགས་ཁྲི་རྙིང་པའི་འགྲམ་གྱི་བཀྲ་འབྲུག་ཡིན་པ།

    འདི་ནི་ན་ཡེ་འཁལ་འཐག་བཟོ་ཁང་དུ་བཀྲ་འབྲུག(གཡོན)གིས་དགེ་ཕྲུག་ལ་ཐགས་འཐག་སྟངས་སློབ་བཞིན་པ།

    སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་སྡེ་དགེ་རྫོང་སྨན་ཤོར་གྲོང་རྡལ་གྱི་ན་ཡེ་ཁྱིམ་རྒྱུད་ཀྱི་བུད་མེད་ཚོའི་རྩེར་སོན་གྱི་འཁལ་འཐག་ལག་རྩལ་ལ་སྐད་གྲགས་ཆེན་པོ་ཡོད། ཁོང་ཚོས་རྩིད་པ་དང་ཁུ་ལུ་སོགས་ལ་བརྟེན་ནས་བཏགས་པའི་སྤུས་ལེགས་ཀྱི་སྣམ་བུ་སོགས་འཁལ་འཐག་ཐོན་རྫས་ལ་ས་གནས་དེ་གའི་གྲོང་མི་ཚོས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། བཀྲ་འབྲུག་ནི་1960ལོར་སྨན་ཤོར་དུ་སྐྱེས་པ་དང་ན་ཡེ་ཁྱིམ་རྒྱུད་འཁལ་འཐག་བཟོ་རྩལ་གྱི་ཤུལ་འཛིན་མཁན་དང་དར་སྤེལ་གཏོང་མཁན་རེད་ལ། མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས“བོད་རིགས་ཀྱི་རྩིད་པ་དང་ཁུ་ལུའི་འཁལ་འཐག་ལག་རྩལ”གྱི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཀྲོའུ་ཡི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ཞིག་རེད། བུ་མོ་བཀྲ་ཤིས་ཆོས་མཚོའི་རོགས་རམ་འོག་ན་ཡེ་འཁལ་འཐག་བཟོ་ཁང་གི་ཐོན་རྫས་ཉིན་བཞིན་ཕུན་སུམ་ཚོགས་སུ་ཕྱིན་ནས། ཁྱིམ་རྒྱུད་ཀྱི་གནའ་བོའི་ལག་རྩལ་རྒྱུན་འཛིན་ཐུབ་པ་དང་ཆབས་ཅིག་མཐའ་འཁོར་གྱི་ཡུལ་མི་ཚོ་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་ཀྱང་ཐུབ་ཡོད།

    ཉེ་བའི་ལོ་ཤས་རིང་། སི་ཁྲོན་ནུབ་རྒྱུད་ས་མཐོའི་ལག་རྩལ་རྒྱུན་འཛིན་པ་ཚོས་རྒྱུན་ཆད་མེད་པར་གསར་གཏོད་བྱས་པར་བརྟེན་ལག་ཤེས་བཟོ་རྩལ་ཐོན་རྫས་རིམ་བཞིན་ས་མཐོ་ནས་རྒྱལ་ཁབ་ཕྱི་ནང་གི་ཁྲོམ་རར་བཏོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།