སྟོངས་ལ་ཉེ་བའི་དགོ་དམར་གྱི་གྲངས་འབོར་3400ལྷག་ཙམ་བར་སླར་གསོ་བྱུང་བ།
དགོ་དམར་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཡིན་པ་དང་། མཚོ་སྔོན་པོའི་མཐའ་འཁོར་ནི་དགོ་དམར་གྱི་འཚོ་སྡོད་ཁུལ་འབའ་ཞིག་དེ་རེད། ལོ་མང་སྲུང་སྐྱོབ་བྱས་པ་བརྒྱུད་དགོ་དམར་གྱི་གྲངས་འབོར་2004ལོའི་257ནས་ད་ཆའི་3400ལྷག་ཙམ་བར་སླར་གསོ་བྱུང་ཡོད།
འདི་ནི་ཟླ་11ཚེས་16ཉིན་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་རྐང་ཚ་རྫོང་དཔལ་དགེ་གྲོང་རྡལ་ཁོངས་ཀྱི་རྩྭ་ཐང་དུ་དགོ་དམར་གྱི་ཁྱུ་ཚོགས་རྩྭ་ཆུར་ཅི་དགར་རོལ་བཞིན་པ།