དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • བྱང་རྒྱུད་མཚོ་ཁུག་གི་རྒྱལ་སྤྱིའི་ཡུལ་སྐོར་མཚོ་གྲུའི་གྲུ་ཁ་ཨ་མ་དངོས་སུ་སྤྱད་ནས་གྲུ་གཟིངས་གཏོང་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-11-19

    ཟླ་11ཚེས་15ཉིན། བྱང་རྒྱུད་མཚོ་ཁུག་གི་རྒྱལ་སྤྱིའི་ཡུལ་སྐོར་མཚོ་གྲུའི་གྲུ་ཁ་ཨ་མ་དངོས་སུ་སྤྱད་ནས་གྲུ་གཟིངས་གཏོང་འགོ་ཚུགས་པའི་མཛད་སྒོ་ཀོང་ཤིས་ཀྱི་པེ་ཧའེ་རུ་འཚོགས་པ་དང་། ཡུལ་སྐོར་བ་1000ལྷག་ཙམ་པེ་ཧའེ་ནས་ཡུལ་སྐོར་མཚོ་གྲུ“མཚོ་སྔོན་མོའི་སྙན་དབྱངས”རྟགས་ཅན་ལ་བསྡད་དེ་ཝེ་ཐེ་ནམ་ཤཱ་ལུང་མཚོ་ཁུག་ཏུ་བསྐྱོད་ནས། དུས་ཡུན་ཉིན་གསུམ་དང་མཚན་གཉིས་འགོར་བའི“མཚོ་ཐོག་རྫོགས་ལྡན་ཡུལ་སྐོར”འགོ་བཙུགས་པ་རེད། བྱང་རྒྱུད་མཚོ་ཁུག་གི་རྒྱལ་སྤྱིའི་ཡུལ་སྐོར་མཚོ་གྲུའི་གྲུ་ཁ་ཨ་མ་དངོས་སུ་སྤྱད་པ་དེས་ཀོང་ཤིས་ཀྱི་ཡུལ་སྐོར་མཚོ་གྲུའི་ཡུལ་སྐོར་ཐོན་ལས་འཁོར་འབྲེལ་འཛུགས་སྐྲུན་ལ་སྐུལ་མ་ནུས་ལྡན་ཐེབས་ནས། རྒྱལ་མཚམས་འཛུལ་སྒྲོལ་གྱི་ཡུལ་སྐོར་ཁྲོམ་ར་རྒྱ་བསྐྱེད་ཐུབ་རྒྱུ་ཡིན་པ་རེད།

    འདི་ནི་ད་ཐེངས་ཀྱི་གྲུ་གཟིངས་ཐོག་མ་གཏོང་བའི་ལས་འགན་སྒྲུབ་པར་སྐྱོད་པའི་ཡུལ་སྐོར་མཚོ་གྲུ“མཚོ་སྔོན་མོའི་སྙན་དབྱངས”རྟགས་ཅན་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།