ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་གྱིས་ཀྲུང་གོའི་ཚོང་ཟོག་ཕྱིར་ཚོང་ལ་རམ་འདེགས་བྱས་པ།
ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར(ཝུའུ་ཧན)ལ་རྒྱལ་སྤྱིའི་ཟོག་འགྲེམས་བགྲོད་ལམ་55ཡོད་པ་དེ་དག་རྒྱལ་ཁབ་དང་ས་ཁུལ་40དང་གྲོང་ཁྱེར་117ལ་ཁྱབ་སྟེ་ཨེ་ཤེ་ཡ་དང་ཡོ་རོབ་ཀྱི་སྐམ་སར་སྐྱོད་པའི་རྒྱལ་སྤྱིའི་སྣ་མང་གི་མཉམ་འབྲེལ་སྐྱེལ་འདྲེན་ཞབས་ཞུའི་དྲ་རྒྱ་རགས་ཙམ་གྲུབ་ནས་རྒྱལ་ཁབ་ཕྱི་ནང་གི་ཚོང་དོན་ཁེ་ལས་ཀྱིས་ཕྱིར་གཏོང་ནང་འདྲེན་བྱེད་པའི་སྐྱེལ་འདྲེན་བགྲོད་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད། མེ་འཁོར་གཏོང་འགོ་ཚུགས་ནས་ལོ་བཅུ་གྲངས་སོང་རིང་། ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར(ཝུའུ་ཧན)གྱིས་སྐྱེལ་འདྲེན་གྱི་མ་གནས་དམའ་བ་དང་། སྐྱེལ་འདྲེན་མྱུར་བ། བརྒྱུད་རིམ་གྱི་ལྷུ་ཚིགས་སྟབས་བདེ་བ་སོགས་ཀྱི་ལེགས་ཆར་བརྟེན་ནས་འོད་གློག་དང་། འཕྲུལ་ཆས་བཟོ་སྐྲུན། ནུས་རྒྱུ་གསར་པའི་རླངས་འཁོར། དེ་བཞིན་རླངས་འཁོར་གྱི་ལྷུ་ལག་དང་འོད་ཤུགས་སོགས་ཀྱི་ཐོན་རྫས་ཕྱིར་འཚོང་བར་རམ་འདེགས་བྱས་ཡོད།
འདི་ནི་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་ཀྲུང་གོ་ལྕགས་ལམ་མཉམ་འབྲེལ་སྐྱེལ་འདྲེན་ཚོགས་པའི་ཝུའུ་ཧན་ལྟེ་གནས་བབས་ཚུགས་ནས་ཐོན་རྩིས་བྱེད་བཞིན་པ།