《གོ་བདེ་དོན་ཟབ་ཀྱི་གསུང་། ཞི་ཅིན་ཕིང་གིས་མཉེས་པོ་གནང་བའི་གཏམ་རྒྱུད》ལེའུ་གསུམ་པ(སི་ཕེན་གྱི་སྐད་ཡིག་དཔར་མ)ཕེ་རུའི་གཙོ་རྒྱུན་སྨྱན་སྦྱོར་ཐོག་གཏོང་སྤེལ་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ལི་མ་ནས་ཟླ་11ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་15ཉིན། ཀྲུང་གོ་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་བཟོས་པའི《གོ་བདེ་དོན་ཟབ་ཀྱི་གསུང་། ཞི་ཅིན་ཕིང་གིས་མཉེས་པོ་གནང་བའི་གཏམ་རྒྱུད》ལེའུ་གསུམ་པ(སི་ཕེན་གྱི་སྐད་ཡིག་དཔར་མ)གཏོང་འགོ་ཚུགས་པའི་མཛད་སྒོ་གྲོང་ཁྱེར་ལི་མར་གཉེར་ཞིང་། ཕེ་རུའི་ཙུང་ཐུང་པོ་ལུའུ་ཨར་ཐེ་ཡིས་བྱེད་སྒོར་བརྙན་ལམ་ནས་ཤིས་ཚིག་བསྒྲོན་ཏེ་ལེ་ཚན་ཕེ་རུར་གཏོང་འགོ་ཚུགས་པར་རྟེན་འབྲེལ་ཞུས་ཤིང་། ཕེ་རུའི་སྲིད་ཕྱོགས་ལས་རིགས་དང་། དཔལ་འབྱོར་ལས་རིགས། རིག་གནས་ལས་རིགས། རིག་གཞུང་ལས་རིགས། སྨྱན་སྦྱོར་ལས་རིགས་སོགས་ཀྱི་མི་སྣ་གྲགས་ཅན་200ལྷག་ཙམ་བྱེད་སྒོར་ཞུགས་ཡོད། ལེ་ཚན་དེ་ཚེས་15ཉིན་ནས་བཟུང་ཕེ་རུའི་རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་དང་། ཕེ་རུའི་བརྙན་འཕྲིན་མཉམ་གཏོང་དྲ་བ། ཕེ་རུའི་རླུང་འཕྲིན་ལེ་ཚན་ཚོགས་པའི་བརྙན་འཕྲིན་དུད་སྣེ་སོགས་ལས་སྟེགས་མང་པོ་ནས་གཏོང་སྤེལ་བྱས་པ་རེད།
《གོ་བདེ་དོན་ཟབ་ཀྱི་གསུང་། ཞི་ཅིན་ཕིང་གིས་མཉེས་པོ་གནང་བའི་གཏམ་རྒྱུད》ལེའུ་གསུམ་པའི(སི་ཕེན་གྱི་སྐད་ཡིག་དཔར་མའི)ནང་། རིག་གནས་རྒྱུན་འཛིན་དང་། སྐྱེ་ཁམས་ཤེས་དཔལ། དབུལ་སྒྲོལ་འགག་སྒྲོལ། ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ་སོགས་ཀྱི་བརྗོད་དོན་གཙོ་བོར་དམིགས་ནས། ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་ཀྱི་གསུང་སྒྲ་དང་གནའ་ཤེས་དེང་རྟོགས་ཀྱི་གསུང་རབ་དྲངས་ཏེ་རྒྱ་ཆེ་ལ་གཏིང་ཟབ་པའི་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ལ་ལྡན་པའི་དུས་རབས་གསར་པའི་ནང་དོན་དང་གོ་ལ་ཧྲིལ་པོ་ཅན་གྱི་རིན་ཐང་སྙིང་བསྡུས་དང་འཆད་འགྲེལ་བྱས་ཏེ། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཁྱད་དུ་འཕགས་པའི་ཆབ་སྲིད་ཀྱི་བློ་གྲོས་དང་གཏིང་ཟབ་པའི་ལོ་རྒྱུས་རིག་གནས་ཀྱི་ནང་དོན་གསོན་ཉམས་དོད་པོས་མངོན་པར་བྱས་ཡོད།