དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་ཡོའི་དུས་གཏན་མེ་འཁོར་གཏོང་ཐེངས་ཁྲི་10ལྷག་ཙམ་ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-19

    ཟླ་11ཚེས་15ཉིན། གསར་འགོད་པར་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། རིམ་རྩིས་བརྒྱབ་ན། ཀྲུང་ཡོའི་དུས་གཏན་མེ་འཁོར་གཏོང་ཐེངས་ཁྲི་10ལྷག་ཙམ་ཟིན་ནས་དངོས་ཟོག་སྐྱེལ་ཚད་དོས་སྒམ་ཁྲི་1100ལྷག་ཙམ་ཟིན་པ་དང་དངོས་ཟོག་རིན་ཐང་ཨ་སྒོར་དུང་ཕྱུར་4200ཟིན་ནས་བདེ་འཇགས་དང་། བརྟན་ལྷིང་། ཤར་གཏོང་། སྐྱེལ་འདྲེན་བཅས་རྒྱུན་འཁྱོངས་ཐུབ་པ་ལས་ཀྲུང་ཡོའི་དུས་གཏན་མེ་འཁོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་པ་མཚོན་ཡོད།

    འདི་ནི་ཟླ་11ཚེས་15ཉིན་ཀྲུང་ཡོའི་དུས་གཏན་མེ་འཁོར་གཏོང་ཐེངས་ཁྲི་10པ་ཟིན་པའི་གཏོང་གྲངས་X8083གྱི་ཀྲུང་ཡོའི་དུས་གཏན་མེ་འཁོར(ཁྲུང་ཆིང་ནས་ཏུའུ་དབྱི་སི་པའོ་བར)ཁྲུང་ཆིང་མཐུན་སྒྲིལ་གྲོང་ཚོའི་བབས་ཚུགས་ནས་བདེ་བླག་ངང་ཐོན་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།